ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐ་ལིའི་དྲག་སྐྱེད་བྱུང་བའི་པྲོག་གསར་ནད་དུག་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་བཞི་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ཐ་ལིའི་དམངས་དོན་སྲུང་སྐྱོབ་པུའུ་ཡིས་ཚེས་ཉེར་བཞི་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལིའི་ད་ཡོད་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པའི་མི་གྲངས་ཉིན་སྔོན་མ་དང་བསྡུར་ན་མི་སྟོང་གཅིག་བརྒྱ་དང་ང་བརྒྱད་ཇེ་ཉུང་དུ་སོང་ནས། ནད་པ་ཁྲི་ལྔ་དང་སྟོང་དྲུག་ལྔ་བརྒྱ་གོ་བཞི་རུ་ཇེ་ཉུང་དུ་སོང་ལ། ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ་སྟོང་གཅིག་དྲུག་བརྒྱ་སོ་དགུ་རུ་སླེབས་པ་དང་། བསྡོམས་པས་ནད་པ་འབུམ་གཅིག་དང་ཁྲི་བཞི་བཞི་བརྒྱ་དོན་དགུ་དྲག་སྐྱེད་བྱུང་ཡོད།

དབྱི་ཐ་ལིའི་ཉིན་དེར་གསར་སྣོན་བྱུང་བའི་ནད་པ་ལྔ་བརྒྱ་དང་སོ་གཅིག་ལ་སླེབས་པ་དང་། བསྡོམས་པས་ནད་རྟགས་ཐག་བཅད་པའི་ནད་འབུམ་གཉིས་དང་ཁྲི་གཉིས་སྟོང་དགུ་བརྒྱད་བརྒྱ་ང་བརྒྱད་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པ་ལྔ་བཅུ་ལ་སླེབས་ནས། བསྡོམས་པས་ནད་པ་ཁྲི་གསུམ་དང་སྟོང་གཉིས་བདུན་བརྒྱ་གྱ་ལྔ་ལ་སླེབས། ད་ཡོད་ཀྱི་ནད་པའི་ཁྲོད། མི་ཁྲི་བཞི་དང་སྟོང་བདུན་བཞི་བརྒྱ་ཉེར་བརྒྱད་ཁྱིམ་དུ་ལོགས་བཀར་བྱས་ཡོད་པ་དང་། མི་སྟོང་བརྒྱད་དང་དྲུག་བརྒྱ་བཅུ་གསུམ་གྱིས་སྨན་ཁང་དུ་སྤྱིར་བཏང་གི་སྨན་བཅོས་དང་ལེན་བྱེད་ཀྱིན་ཡོད་ལ། མི་ལྔ་བརྒྱ་ང་གསུམ་གྱིས་ནད་ལྕི་མོའི་ལྟ་སྲུང་ཁང་དུ་སྨན་བཅོས་དང་ལེན་བྱེད་ཀྱིན་ཡོད། སྤྱིར་བཏང་གི་ཞག་སྡོད་ནད་པ་དང་ནད་རྟགས་ལྕི་བའི་ནད་པའི་བསྡུར་ཚད་ཉིན་སྔོན་མ་དང་བསྡུར་ན་སོ་སོར་མི་གྱ་གཉིས་དང་བཅུ་དགུ་ཡིས་ཇེ་ཉུང་དུ་སོང་ཡོད།

ཉེ་བའི་གཟའ་འཁོར་འགའི་ནང་། དབྱི་ཐ་ལིའི་ཉིན་གཅིག་རིང་གི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་མངོན་གསལ་གྱིས་ཇེ་ཉུང་དུ་འགྲོ་བའི་རྣམ་པ་མངོན་ཡོད་ལ། ཚེས་ཉེར་བཞི་ཉིན་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་ཚུན་གྱི་ཆེས་དམའ་བའི་ཆུ་ཚད་དུ་སླེབས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།