ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམིགས་བསལ་འཐུས་མིས་ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་གྱིས་སྨྱུང་གྲོལ་དུས་ཆེན་སྐབས་སུ་འཁྲུག་རྩོད་མཚམས་བཞག་པར་དགའ་བསུ་ཞུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཨ་ཧྥུའུ་འཁྲུག་རྩོད་མཚམས་བཞག་པར་དགའ་བསུ་ཞུས། འགྲིག་མཐུན་ལས་དོན་གྱི་དམིགས་བསལ་འཐུས་མི་ཧཱ་ལེ་ལེ་ཀྲ་ཏི་ཡིས་ཚེས་ཉེར་གསུམ་ཉིན་བསྟན་དོན། ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་གྱིས་སྨྱུང་གྲོལ་དུས་ཆེན་སྐབས་སུ་འཁྲུག་རྩོད་མཚམས་བཞག་པར་དགའ་བསུ་ཞུ་བཞིན་ཡོད་ཟེར། 

ཧཱ་ལེ་ལེ་ཀྲ་ཏི་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཐཱ་ལེ་པན་གྱིས་སྨྱུང་གྲོལ་དུས་ཆེན་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པར་ཐག་གཅོད་བྱས་པ་དང་ཨ་ཧྥུའུ་ཧན་སྲིད་གཞུང་གི་དགོས་ངེས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་བྱེད་ཐབས་ལ་དགའ་བསུ་ཞུས་པ་དང་། ཕྱོགས་གཉིས་ཀྱིས་གང་མགྱོགས་སྒོས་བྱེད་ཐབས་བཟང་བོ་གཞན་པ་སྤྱད་དེ་བཀག་འཇུག་མི་སྣ་ཕྱིར་གཏོང་བ་དང་ཨ་ཧྥུའུ་ཧན་མིའི་ནང་ཁུལ་གྱི་གྲོས་མོལ་དུས་ཡུན་གཏན་འཁེལ་བྱེད་པར་གྲོས་བསྡུར་བྱེད་པ་སོགས་བྱ་བར་སྐུལ་འདེད་གཏོང་དགོས་ཟེར། 

ཉིན་དེའི་སྔ་དྲོར། ཐཱ་ལེ་པན་གྱིས་སྨྱུང་གྲོལ་དུས་ཆེན་སྐབས་སུ་ཉིན་གསུམ་ལ་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་དེའི་རྗེས་སུ་དོན་དེར་དགའ་བསུ་བྱེད་པའི་ཚུལ་བསྟན་པ་དང་། བདེ་འཇགས་དམག་དཔུང་གིས་ཉིན་གསུམ་རིང་འཁྲུག་རྩོད་མཚམས་འཇོག་དགོས་པ་དང་དཔུང་འཇུག་བྱེད་པའི་སྐབས་སུ་ད་གཟོད་འགོག་སྲུང་བྱས་ཆོག་པར་མཛུབ་སྟོན་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།