ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་སྲིད་གཞུང་གིས་ཨུ་རུ་སི་ལ་རོགས་སྐྱོར་བྱེད་པའི་རིམས་འགོག་དངོས་རྫས་སྐོར་གཉིས་པ་མའོ་སི་ཁོ་གྲོང་ཁྱེར་དུ་ཐོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2020-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་ན་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་ཉེར་གཉིས་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། ཀྲུང་གོ་སྲིད་གཞུང་གིས་ཨུ་རུ་སི་ལ་རོགས་སྐྱོར་བྱེད་པའི་རིམས་འགོག་དངོས་རྫས་སྐོར་གཉིས་པ་མའོ་སི་ཁོ་གྲོང་ཁྱེར་དུ་ཐོན།

གསལ་སྒྲོག་ནང་བཤད་དོན། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་མཉམ་འབྲེལ་སྒོས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བྱེད་པ་དང་། ཨུ་རུ་སི་སྲིད་གཞུང་དང་མི་དམངས་ཀྱིས་རིམས་འགོག་བྱེད་པར་རྒྱབ་སྐྱོར་བྱེད་ཆེད། ཀྲུང་གོ་སྲིད་གཞུང་གིས་ཨུ་རུ་སི་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐོར་གཉིས་པ་འདོན་སྤྲོད་བྱས་པ་དང་དེའི་ནང་དུ་ཞིབ་བཤེར་ཚད་ལེན་ཡོ་ཆས་དང་སྨན་བཅོས་ལུས་སྲུང་ལྭ་བ། ཁ་ཐུམ། རིམས་འགོག་མིག་ཤུབས་སོགས་འདུ་བ་དང་སྤྱིའི་ལྗི་ཚད་ལ་ཏུན་བརྒྱ་དང་གསུམ་ཡོད། ཐེངས་འདིའི་རོགས་སྐྱོར་དངོས་རྫས་དེ་སྐོར་གཉིས་བྱས་ནས་སྐྱེལ་འདྲེན་བྱས་པ་དང་དངོས་རྫས་ཚང་མ་སྔ་གཞུག་ཏུ་མའོ་སི་ཁོ་ལ་ཐོན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།