ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཉིས་དང་སྟོང་བརྒྱད་ཉིས་བརྒྱ་བཅོ་ལྔ་འཕར་སྣོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས21ཉིན། ཧྥ་རན་སི་འཕྲོད་བསྟེན་སྤྱི་ཁྱབ་ཧྲུའུ་ཡིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ནང་བཤད་དོན། ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཉིས་དང་སྟོང་བརྒྱད་ཉིས་བརྒྱ་བཅོ་ལྔ་ཇེ་མང་དུ་སོང་བ་དང་། འདས་པའི་དུས་ཚོད་ཉེར་བཞིའི་ནང་རྐྱེན་ལམ་དུ་ཤོར་བའི་ནད་པ་གྱ་གསུམ་འཕར་སྣོན་བྱུང་།

སྤྱི་སྒྲོག་ནང་བཤད་དོན། མིག་སྔའི་བར་དུ་ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཁྲི་གཅིག་དང་སྟོང་བདུན་ལྔ་བརྒྱ་གྱ་གསུམ་ལ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་པ་དང་།   འདས་པའི་དུས་ཚོད་ཉེར་བཞིའི་ནང་ནད་པ་སུམ་བརྒྱ་དང་ང་བརྒྱད་ཇེ་ཉུང་དུ་སོང་། ནད་པ་སྟོང་གཅིག་དང་བདུན་བརྒྱ་ཞེ་ལྔ་ལ་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་ལ།  འདས་པའི་དུས་ཚོད་ཉེར་བཞིའི་ནང་ནད་པ་ཞེ་དགུ་ཇེ་ཉུང་དུ་སོང་།

ཧྥ་རན་སི་སྲིད་གཞུང་དྲ་ངོས་སུ་ཚེས་ཉེར་གཅིག་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཏུ་ངོས་འཛིན་བྱས་པའི་ནད་པ་སུམ་བརྒྱ་དང་བཅོ་བརྒྱད་འཕར་སྣོན་བྱུང་བ་དང་། བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་འབུམ་གཅིག་དང་ཁྲི་བཞི་སྟོང་བཞི་བརྒྱ་དང་རེ་གསུམ་ལ་སླེབས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།