ཨ་ཧྥུ་ཧན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཨ་ཧྥུ་ཧན་ཁ་པུའུ་ཨར་ཞིང་ཆེན་ལ་ཟས་རིགས་སྐོར་ཞིག་ཞལ་འདེབས་སུ་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུ་ཧན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་ཉེར་གཅིག་ཉིན་ཨ་ཧྥུ་ཧན་ཁ་པུའུ་ཨར་ཞིང་ཆེན་ལ་ཟས་རིགས་སྐོར་ཞིག་ཞལ་འདེབས་སུ་ཕུལ་ཏེ། ས་གནས་ཀྱི་འཚོ་བར་དཀའ་ཁག་ཆེ་བའི་མང་ཚོགས་ལ་རོགས་རམ་འདོན་སྤྲོད་བྱས།

ཞལ་འདེབས་ཕུལ་བའི་མཛད་སྒོ་དེ་ཨ་ཧྥུ་ཧན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དུ་བསྡུས་པ་དང་། ཁ་པུའུ་ཨར་ཞིང་ཆེན་གྱི་ཧྲིན་ཀྲང་ཧེ་ཏ་ལིས་དང་ཨ་ཧྥུ་ཧན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གཞུང་ཚབ་ཆེན་མོ་ཝང་ཡུས་སོགས་ཞལ་འདེབས་ཕུལ་བའི་མཛད་སྒོར་ཞུགས།

ཝང་ཡུས་ཀྱིས་ཞལ་འདེབས་ཕུལ་བའི་མཛད་སྒོའི་སྟེང་བཤད་དོན། ཀྲུང་གོས་ལོ་གཉིས་ཀྱི་ནང་ཨ་སྒོར་དུང་ཕྱུར་ཉི་ཤུའི་རྒྱལ་སྤྱིའི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་བཏོན་པ་དེས་པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་དང་ལྷག་པར་དུ་ཨ་ཧྥུ་ཧན་དང་བཅས་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རིམས་འགོག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཟས་རིགས་ཞལ་འདེབས་སུ་ཕུལ་བ་དེས་ཨ་ཧྥུ་ཧན་གྱི་རིམས་ནད་ཚབས་ཆེ་བའི་ས་ཁུལ་ལ་རོགས་སྐྱོར་བྱེད་པ་ཡིན་ལ། དོན་དངོས་ལ་ཕན་པའི་བྱེད་ཐབས་སྤྱད་དེ་མཐུན་སྒྲིལ་མཉམ་ལས་ལག་ལེན་བྱེད་པ་དང་མིའི་རིགས་ཀྱི་བདེ་ཐང་ལས་སྐལ་གྲོས་མཐུན་ཚོགས་པའི་འདུ་ཤེས་གསར་སྐྲུན་བྱེད་པ་ཡིན་ཟེར། ཧེ་ཏ་ལིས་ཀྱིས་ཨ་ཧྥུ་ཧན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ལ་བཀའ་དྲིན་ཆེ་ཞུས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།