ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལང་ཕུའུ་ཡིས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་འཚོགས་པར་བསམ་གཞིགས་གཏོང་བཞིན་ཡོད་ཅེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས20ཉིན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་བཤད་དོན། ཁོས་མ་ལིས་ལན་མངའ་སྡེའི་ཙུང་ཐུང་གུང་སེང་གཏོང་སའི་དའེ་ཝེ་སྒར་ས་ནས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་འཚོགས་པར་བསམ་གཞིགས་གཏོང་བཞིན་ཡོད་ཟེར།

ཕོ་བྲང་དཀར་པོས་གསལ་སྒྲོག་ཅིག་གི་ནང་བཤད་དོན། ཐི་ལང་ཕུའུ་ཡིས་ཉིན་དེར་ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུང་ལ་ཁ་པར་བཏང་སྟེ་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་དཔལ་འབྱོར་བྱ་འགུལ་གྱི་འཕེལ་རིམ་གནས་ཚུལ་ལ་གྲོས་སྡུར་བྱས་ཟེར། ཐི་ལང་ཕུའུ་ཡིས་ཁ་པར་ནང་ཨ་མེ་རི་ཁ་ཕྱོགས་ཀྱིས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་མྱུར་དུ་འཚོགས་རྒྱུའི་བསམ་ཚུལ་བསྟན།

ད་ལོའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་དེ་ཨ་མེ་རི་ཁས་གཙོ་སྒྲུབ་བྱེད་ཀྱིན་ཡོད་པ་དང་། སྔོན་ལ་གཏན་འཁེལ་བྱས་པ་ཡིན་ན་ད་ལོའི་ཟླ་དྲུག་པར་དའེ་ཝེ་སྒར་ས་ནས་མཐོ་རིམ་གྲོས་ཚོགས་འཚོགས་རྒྱུ་བྱས་ཡོད། པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་འོག ཕོ་བྲང་དཀར་པོས་ཟླ་གསུམ་པར་མཐོ་རིམ་གྲོས་ཚོགས་དེ་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་འཚོགས་རྒྱུ་ཁྱབ་སྒྲོག་བྱས།

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ནི་ཨ་མེ་རི་ཁ་དང་ཁ་ན་ཏ། ཧྥ་རན་སི། འཇར་མན། དབྱི་ཐ་ལི། འཇར་པན་བཅས་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།