མ་ལི་རུ་འགྲིམ་འགྲུལ་ཆག་སྒོ་ཚབས་ཆེན་བྱུང་ནས་མི་ཉི་ཤུ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མ་ལི་སྐྱེལ་འདྲེན་དང་གྲོང་ཁྱེར་འགྲིམ་འགྲུལ་པུའུ་ཡིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ལྷོ་རྒྱུད་དུ་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་འགྲིམ་འགྲུལ་ཆག་སྒོ་ཆེན་པོ་ཞིག་བྱུང་ནས་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་ཟེར།

མ་ལི་སྐྱེལ་འདྲེན་དང་གྲོང་ཁྱེར་འགྲིམ་འགྲུལ་པུའུ་ཡིས་གསར་འགྱུར་སྤྱི་སྒྲོག་ནང་བཤད་རྒྱུར། ཚེས་བཅུ་དགུ་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་ཡས་མས་སུ། མ་ལིའི་རྒྱལ་ས་པ་མ་ཁོ་ནས་ཕྱིར་བསྐྱོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་གིས་རྒྱལ་ལམ་ལྔ་བའི་སྟེང་ལྡོག་སྐྱོད་རླངས་འཁོར་ཞིག་དང་གདོང་ཐུག་བརྒྱབ་ནས། མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་གཅིག་ལ་རྨས་ཕོག་ཟེར།

ཆག་སྒོའི་རྗེས་སུ། རྨས་མ་དེ་དག་པ་མ་ཁོ་ཡི་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱེལ།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།