ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བརྒྱད་དབྱི་རག་ནས་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་བདེ་འཇགས་དམག་དཔུང་དང་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་དེའི་ཏི་ཡ་ལ་ཞིང་ཆེན་དང་ས་ལ་ཧི་ཏིང་ཞིང་ཆེན་དུ་ཐལ་སྐྱོད་རྩ་འཛུགས“དབྱི་སི་ལན་རྒྱལ་ཁབ”ཅེས་པའི་མི་ངན་ལྷག་རོ་གཙང་སེལ་བྱེད་པའི་བྱ་སྤྱོད་སྤེལ་ཞིང་། བྱ་སྤྱོད་དེའི་ཁྲོད་ཁྱོན་བསྡོམས་དྲག་ཆས་ཉེས་ཅན་བརྒྱད་བསད།

ས་ལ་ཧི་ཏིང་ཞིང་ཆེན་གྱི་ཉེན་རྟོག་དཔོན་པོ་མུའུ་ཧན་མོ་ཏེ·པ་ཆིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར།  ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་ཞིང་ཆེན་དེའི་ནུབ་ཕྱོགས་སུ“དབྱི་སི་ལན་རྒྱལ་ཁབ”ཅེས་པའི་ཐལ་སྐྱོད་རྩ་འཛུགས་ཀྱི་བསྐུངས་ས་ཞིག་གཙང་སེལ་བྱས་ཏེ། དྲག་ཆས་ཉེས་ཅན་བཞི་བསད་ཟེར། ཏི་ཡ་ལ་ཞིང་ཆེན་གྱི་བདེ་འཇགས་དཔོན་རིགས་ཀྱིས་བསྟན་དོན། བདེ་འཇགས་དམག་དཔུང་གིས་ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་པ་ཀུའུ་པའེ་ཉེ་འགྲམ་གྱི་ས་ཁོངས་སུ་ཚར་གཅོད་བྱ་སྤྱོད་སྤེལ་ནས་སྦས་སྐུང་བྱེད་ས་དྲུག་རྩ་མེད་དུ་བཏང་བར་མ་ཟད། དྲག་ཆས་ཉེས་ཅན་བཞི་བསད་ཟེར།

2017ལོའི་ཟླ12པར། དབྱི་རག་གིས“དབྱི་སི་ལན་རྒྱལ་ཁབ”ཅེས་པའི་ཐལ་སྐྱོད་རྩ་འཛུགས་ལ་ཆམ་ཕབ་བཏང་བར་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་མིག་སྔར་དབྱི་རག་མངའ་ཁོངས་སུ་སྔར་བཞིན་ཐལ་སྐྱོད་པ་ཁག་གཅིག་གིས་སྐབས་བསྟུན་འཇབ་རྒོལ་བྱེད་བཞིན་ཡོད། ཉེ་ཆར“དབྱི་སི་ལན་རྒྱལ་ཁབ”ཅེས་པའི་ཐལ་སྐྱོད་རྩ་འཛུགས་ཀྱི་སྟོབས་ཤུགས་ལྷག་འཕྲོས་དབྱི་རག་གི་ས་ཆ་མང་པོར་འཇབ་རྒོལ་ཡང་ཡང་བྱས་པ་དང་། དབྱི་རག་གི་བདེ་འཇགས་དམག་དཔུང་གིས་དེ་ཚར་གཅོད་བྱེད་ཤུགས་ཆེ་རུ་བཏང་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།