ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྱ་བའི་སྒྲུབ་སྟངས་གནད་དོན་ཐད་ནས་མངོན་གསལ་བརྙན་རིས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྱ་བའི་སྒྲུབ་སྟངས་གནད་དོན་ཐད་ནས་མངོན་གསལ་བརྙན་རིས་གྲོས་ཚོགས་བསྡུས། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱས་པའི་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་དེ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བྱ་བའི་ཕན་འབྲས་དང་ནུས་པ། མངོན་གསལ་གྱི་ཚད་བཅས་མཐོར་འདེགས་སུ་གཏོང་བར་དམིགས་ནས་འདོད་ཚུལ་བཏོན།

ཀྲང་ཅུན་གྱིས་བཤད་དོན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གཙོ་བོ་འཁུར་ཡོད། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་དོན་ལྔ་ལོན་པའི་སྐབས་སུ་ང་ཚོར་དུས་གང་ཞིག་ཡིན་རུང་ཕྱོགས་མང་རིང་ལུགས་དགོས་གལ་ཆེ་བ་དང་སྟོབས་དང་ལྡན་པའི་མཉམ་འབྲེལ་རྒྱལ་ཚོགས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་དགོས་གལ་ཆེ་ལ། ཁོངས་གཏོགས་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་བྱེད་པར་དགོས་གལ་ཤིན་ཏུ་ཆེ་ཟེར།

ཀྲང་ཅུན་གྱིས་བཤད་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བྱ་བའི་ཐད་ལ་འགྲན་རྩོད་བཟོས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བྱ་བའི་ཕན་འབྲས་དང་ནུས་པ། མངོན་གསལ་གྱི་ཚད་བཅས་སྔར་ལས་མཐོར་འདེགས་སུ་གཏོང་བ་དེ་ལ་རྒྱ་ཆེའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་རེ་སྒུག་བྱས་ཡོད་པ་དང་རིམས་ནད་སོགས་དམིགས་བསལ་གནས་ཚུལ་ལ་ཁ་གཏད་འཇལ་བའི་དགོས་ངེས་ཀྱི་རེ་བ་ཡང་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།