ཀྲུང་གོ་བོད་ཀྱི་དྲ་བ།

རོ་མཱ་ནི་ཡཱ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྦྱོར་གཅིག་གྱུར་སྒོས་རིམས་ནད་མཉམ་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རོ་མཱ་ནི་ཡཱའི་འཕྲོད་བསྟེན་པུའུ་ཡི་རྒྱལ་སྲིད་དྲུང་ཡིག་ཆེན་མོ་པཱ་ཁྱིག་གིས་ཚེས་བཅུ་གསུམ་ཉིན་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་པུའུ་ཀྲང་གི་བརྙན་རིས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་དང་མཐུན་སྦྱོར་བྱེད་དགོས་ཟེར། 

པཱ་ཁྱིག་གིས་བརྙན་རིས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་སྐབས། རིམས་ནད་འགོག་རྒོལ་བྱེད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྦྱོར་གཅིག་གྱུར་དང་། མཐུན་སྒྲིལ་ཐག་གཅོད། དམ་བཅའ་བརྩི་སྲུང་བཅས་བྱེད་དགོས་ལ། དེ་ལྟར་བྱས་ན་ད་གཟོད་རྒྱལ་ཁབ་སོ་སོའི་སྤྱི་བའི་འཕྲོད་བསྟེན་སྡེ་ཁག་གི་ཐག་གཅོད་ནུས་པ་ཇེ་དྲག་ཏུ་གཏོང་ཐུབ་པ་དང་། རིམས་ནད་ཀྱིས་སྤྱི་ཚོགས་དང་དཔལ་འབྱོར་ཐད་ཐེབས་པའི་ཤུགས་རྐྱེན་ངན་པ་ཇེ་ཡང་དུ་གཏོང་ཐུབ་ཟེར། 

པཱ་ཁྱིག་གིས་གཏམ་བཤད་སྤེལ་སྐབས་ཀྲུང་གོའི་ཕྱོགས་ཀྱིས་ཐེངས་འདིའི་བརྗེ་རེས་བྱ་འགུལ་སྤེལ་བར་བཀའ་དྲིན་ཞུས་པ་དང་། ཉམས་མྱོང་བརྗེ་རེས་དང་སྤྱི་བསྡོམས་བྱེད་པ་དེ་རོ་མཱ་ནི་ཡཱ་ཡིས་རིམས་ནད་ཚོད་འཛིན་གྱི་རྒྱལ་ཁབ་འཐབ་ཇུས་འཆར་གཞི་འཐུས་ཚང་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པར་འདོད། 

ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་ཚོགས་ཞུགས་འཐུས་མི་དག་གིས་སོ་སོར་རྒྱལ་ཁབ་རང་རང་གི་རིམས་ནད་གནས་ཚུལ་དང་རིམས་འགོག་བྱེད་ཐབས། དེ་མིན་གོ་རིམ་ལྡན་པའི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཚོ་བ་སླར་གསོ་བྱེད་པའི་འཆར་གཞི་སོགས་མཚམས་སྦྱོར་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།