ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་བློན་ཆེན་གྱིས་རྡོ་སྣུམ་ཚོང་རའི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཁས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་ཏི་ཨ་རབ་ཀྱི་ནུས་ཁུངས་བློན་ཆེན་དང་ཨུ་རུ་སིའི་ནུས་ཁུངས་བློན་ཆེན་གྱིས་ཚེས་བཅུ་གསུམ་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། སོ་ཏི་ཨ་རབ་དང་ཨུ་རུ་སི་ཡིས་མཉམ་དུ་རྡོ་སྣུམ་ཚོང་རའི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཟེར། 

སོ་ཏི་ཨ་རབ་ཀྱི་ནུས་ཁུངས་བློན་ཆེན་དང་ཨུ་རུ་སིའི་ནུས་ཁུངས་བློན་ཆེན་གྱིས་ཉིན་དེར་ཁ་པར་གྲོས་མོལ་བྱས་པར་མ་ཟད་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱིས་རྡོ་སྣུམ་ཚོང་རའི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་མཁོ་འདོན་སླར་གསོ་དང་དོ་མཉམ་ཡོང་བར་བརྩོན་ལེན་བྱེད་རྒྱུའི་ཚུལ་བསྟན། 

གསལ་སྒྲོག་ལས་བསྟན་དོན། སོ་ཏི་ཨ་རབ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཉེ་ལམ་གྱི་ཚོང་རའི་གཞི་གྲངས་ལས་ལེགས་བཅོས་ཀྱི་སྣང་ཚུལ་བྱུང་བར་དགའ་སྤྲོ་སྐྱེས་ཡོད་པ་དང་། ཁྱད་པར་དུ་རྡོ་སྣུམ་གྱི་དགོས་མཁོ་འཕར་སྣོན་བྱུང་བར་སྤྲོ་བ་བྱུང་ཡོད། རྒྱལ་ཁབ་གཉིས་ཀྱིས་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་དང་རྩ་འཛུགས་དེའི་ཁོངས་སུ་མི་གཏོགས་པའི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་ཀྱི་ཐོན་ཚད་ཇེ་ཉུང་དུ་གཏོང་བའི་གྲོས་མཐུན་ལ་རྒྱབ་སྐྱོར་བྱེད་པར་མ་ཟད། དེའི་མཉམ་ལས་གྲོགས་པོས་མུ་མཐུད་དུ་ཐོན་ཚད་ཇེ་ཉུང་དུ་གཏོང་བའི་དམ་བཅའ་བརྩི་སྲུང་བྱེད་སྲིད་པར་ཡིད་ཆེས་ཡོད་ཟེར། ཨུ་རུ་སི་ཡིས་སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁི་ཝེ་ཐི་བཅས་ཀྱིས་རང་འགུལ་སྒོས་ཐོན་ཚད་ཇེ་ཉུང་དུ་བཏང་བར་དགའ་བསུ་ཞུ་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།