ཀྲུང་གོ་བོད་ཀྱི་དྲ་བ།

ཙམ་པབ་ཝེ་ཡི་ཙུང་ཐུང་མུའུ་ནན་ཅ་ཀུའུ་བཱ་ཡིས་ཀྲུང་གོའི་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཁག་གིས་ཁོ་ཚོའི་རིམས་འགོག་བྱ་བའི་ཐད་ལ་རོགས་རམ་ཆེན་པོ་བྱས་ཅེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས12ཉིན། ཙམ་པབ་ཝེ་ཡི་ཙུང་ཐུང་མུའུ་ནན་ཅ་ཀུའུ་བཱ་ཡིས་བཤད་དོན། ཀྲུང་གོ་ཧུའུ་ནན་ཞིང་ཆེན་གྱི་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཁག་གིས་ཙམ་པབ་ཝེ་དང་ཨ་ཧྥེ་རི་ཁ་ལྷོ་ཕྱོགས་ཀྱི་རིམས་འགོག་བྱ་བའི་ཐད་ལ་རོགས་རམ་ཆེན་པོ་བྱས་ཟེར།

མུའུ་ནན་ཅ་ཀུའུ་བཱ་ཡིས་ཉིན་དེའི་ཕྱི་དྲོར་ཙུང་ཐུང་བཞུགས་ཤག་ནས་མཛད་སྒོ་བསྡུས་ཏེ་ཀྲུང་གོའི་རིམས་འགོག་ཆེད་མཁས་ཚན་ཁག་ཡོང་བར་བསུ་མ་བྱས། ཁོས་ཤིས་ཚིག་འབུལ་སྐབས་བཤད་དོན། དེང་སྐབས་ནི་ཙམ་པབ་ཝེ་རྒྱལ་ཁབ་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གནད་འགག་དུས་སྐབས་ཡིན་པ་དང་། ཆེད་མཁས་ཚན་ཁག་གི་ཁོངས་མི་ཡོངས་ལ་ཕུན་སུམ་ཚོགས་པའི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཡོད་པས། ཙམ་པབ་ཝེ་རྒྱལ་ཁབ་ཀྱི་སྨན་བཅོས་མི་སྣས་རིམས་འགོག་བྱེད་པ་ནུས་པ་ཆེན་པོ་འདོན་ངེས་ཡིན། ཀྲུང་གོའི་ཆེད་མཁས་པ་དང་ཉམས་མྱོར་བརྗེ་རེས་བྱས་པ་བརྒྱུད། ཙམ་པབ་ཝེ་རྒྱལ་ཁབ་ཀྱི་སྨན་བཅོས་མི་སྣའི་ནད་བརྟག་ཆུ་ཚད་མཐོར་འདེགས་སུ་འགྲོ་ཐུབ་པ་དང་། ཙམ་པབ་ཝེ་ཡིས་རིམས་ནད་ལ་ཁ་གཏད་འཇལ་བའི་ནུས་པ་ཡང་ཇེ་ཆེར་འགྲོ་ཐུབ་པར་ཁོ་ལ་ཡིད་ཆེས་ཡོད་ཟེར།

མུའུ་ནན་ཅ་ཀུའུ་བཱ་ཡིས་བཤད་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་སྲིད་གཞུང་དང་ཧུའུ་ནན་དང་ཀན་སུའུ་སོགས་ཞིང་ཆེན་དང་དེ་མིན་ཙམ་པབ་ཝེ་ན་ཡོད་པའི་ཀྲུང་གོ་བས་ཧུར་ཐག་སྒོས་ཙམ་པབ་ཝེ་ཕྱོགས་ལ་སྨན་བཅོས་སྒྲིག་ཆས་དང་འགོག་སྲུང་དངོས་རྫས་ཞལ་འདེབས་སུ་ཕུལ། ཙམ་པབ་ཝེ་སྲིད་གཞུང་གིས་ཀྲུང་གོས་ཞལ་འདེབས་ཕུལ་བར་བཀའ་དྲིན་ཆེ་ཞུ་བ་དང་། ཞལ་འདེབས་ཕུལ་བའི་དངོས་རྫས་དེ་དག་ནི་ཙམ་པབ་ཝེ་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།