ཀྲའོ་ལི་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་ཁེ་ལས4ཡི་ཤ་རིགས་ཐོན་རྫས་ནང་འདྲེན་གྱི་རེ་ཞུར་དང་ལེན་བྱེད་མཚམས་འཇོག་རྒྱུ་ཡིན་ཞེས་གསུངས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་བཤད་རྒྱུར། མིག་སྔར་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་སྒོ་ཁྲལ་ལས་ཁུངས་ཀྱིས་ནང་འདྲེན་བྱས་པའི་ཤ་རིགས་ཐོན་རྫས་ལ་ཞིབ་བཤེར་བྱེད་སྐབས་ཨོ་སི་ཁྲུ་ལི་ཡའི་ཁེ་ལས་ཁག་གཅིག་གིས་ཀྲུང་གོར་ཕྱིར་གཏོང་བྱས་པའི་ཚགས་ཤ་ཐོན་རྫས་སྐོར་ཐེངས་མང་པོ་ཞིག་ལ་ཕྱོགས་གཉིས་པོའི་གཙོ་གཉེར་སྡེ་ཁག་གིས་ཐུན་མོང་ཐོག་གཏན་འཁེལ་བྱས་པའི་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཀྱི་བླང་བྱ་དང་འགལ་བའི་གནས་ཚུལ་ཐོན་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་འཛད་སྤྱོད་པའི་བདེ་ཐང་དང་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཀྲུང་གོ་ཕྱོགས་ཀྱིས་དེ་རིང་ནས་བཟུང་ཨོ་སི་ཁྲུ་ལི་ཡའི་ཁེ་ལས4ཡི་ཤ་རིགས་ཐོན་རྫས་ནང་འདྲེན་གྱི་རེ་ཞུར་དང་ལེན་བྱེད་མཚམས་འཇོག་རྒྱུ་མ་ཟད། ཨོ་སི་ཁྲུ་ལི་ཡའི་ཕྱོགས་ཀྱི་གཙོ་གཉེར་སྡེ་ཁག་ལ་བརྡ་ཁྱབ་བཏང་ནས་ཕྱོགས་ཡོངས་ནས་རྒྱུ་རྐྱེན་ཅི་ཡིན་བརྟག་དཔྱད་མཐར་ཕྱིན་དང་དག་ཐེར་བྱ་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།