ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་དང་ཨ་མེ་རི་ཁས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་པའི་བསམ་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས11ཉིན། དབྱི་རག་གི་ཙུང་ལི་མུའུ་སི་ཐ་ཧྥ་ཁ་ཏེ་མུས་ཀྱིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ལ་ཁ་པར་བཏང་སྟེ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་པའི་བསམ་ཚུལ་བསྟན།

དབྱི་རག་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིར་དེར་གསལ་སྒྲོག་སྤེལ་ཏེ་བཤད་དོན། ཁ་ཏེ་མུས་ལ་ཐུ་ལང་ཕུའུ་ཡི་ཁ་པར་ཡོང་བ་དང་། ཐུ་ལང་ཕུའུ་ཡིས་ཁ་ཏེ་མུས་ཀྱིས་དབྱི་རག་གི་ཙུང་ལིའི་འགན་འཁུར་བར་རྟེན་འབྲེལ་ཞུས་པ་དང་། ཨ་མེ་རི་ཁས་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་འདོད་ཡོད་པའི་བསམ་ཚུལ་བསྟན་པར་མ་ཟད་དགོས་ངེས་ཀྱི་དཔལ་འབྱོར་རོགས་སྐྱོར་འདོན་སྤྲོད་བྱས་ཏེ་དབྱི་རག་གི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་ཡིན་ཞེས་བསྟན། ཁ་ཏེ་མུས་ཀྱིས་བཀའ་དྲིན་ཆེ་ཞུ་བའི་ཚུལ་བསྟན།

གསལ་སྒྲོག་ནང་བཤད་དོན། ཕྱོགས་གཉིས་ཀ་པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་བྱེད་པའི་ཐད་ནས་མཉམ་ལས་བཟང་བོ་བྱེད་པར་འཐད་པ་བྱུང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་ལ་ཞབས་ཕྱི་བསྒྲུབ་ཆེད་དཔལ་འབྱོར་དངུལ་གཏོང་ལ་ཤུགས་སྣོན་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།