ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་ཁྲི400ལས་བརྒལ་ཡོད་པར་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས11ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་བ་ལྟར་ན། གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་ཁྲི400ལས་བརྒལ་ཡོད་པར་བསྟན།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཚེས11ཉིན་གྱི་ཆུ་ཚོད12དང་སྐར་མ38བར་དུ(པེ་ཅིང་གི་ཆུ་ཚོད18དང་སྐར་མ38)རྒྱལ་ཁབ་དང་ས་ཁུལ་སོ་སོ་ནས་སྙན་ཞུ་ཕུལ་བའི་གཞི་གྲངས་ལས་མངོན་པ་ལྟར་ན། གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ4006257ཡོད་པ་དང་ཚེ་འདས་ནད་པ278892ལ་སླེབས་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། ནད་རྟགས་ཐག་བཅད་པའི་ནད་པ་ཆེས་མང་བ་ནི་ཨ་རི་ཡིན་ཞིང་ནད་པ1271645ཡོད་པ་རེེད། དེ་རྗེས་སི་ཕེན་ལ224390དང་། ཨུ་རུ་སི་ལ221344། ཧྥ་རན་སི་ལ23261། དབྱིན་ཇི་ལ219187།  དབྱི་ཐ་ལི་ལ219070བཅས་ཡོད། ནད་རྟགས་ཐག་བཅད་པའི་ནད་པ་ཁྲི10ལས་བརྒལ་བའི་རྒྱལ་ཁབ་ལ་ད་དུང་འཇར་མན་ལ169575དང་། པར་ཙིར་ལ155939། ཐུར་ཁེ་ལ138657། ཧྥ་རན་སེ་ལ137073། དབྱི་རན་ལ107603བཅས་ཡོད།

ཚེ་འདས་ནད་པ་ཆེས་མང་བ་ནི་སྔར་བཞིན་ཨ་རི་ཡིན་ཞིང76916ཟིན་ཡོད། དེ་ནས་དབྱིན་ཇི་ལ31855དང་། དབྱི་ཐ་ལི་ལ30560། སི་ཕེན་ལ26621། ཧྥ་རན་སི་ལ26338། དབྱི་རན་ལ10627བཅས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ས་ཁོངས་ལྟར་བསྡོམས་རྩིས་བྱས་པ་ལ་གཞིགས་ན། ཡོ་རོབ་ཁུལ་ནི་ནད་རྟགས་ཐག་བཅད་པའི་ནད་པ་ཆེས་མང་བའི་ཁུལ་ཡིན་ལ་ནད་པ1731606ལ་སླེབས་ཡོད་པ་དང་། མེ་གླིང་ཁུལ་དུ་ནད་པ1702451ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།