ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ལོ་ཀིའི་ཉེན་རྟོག་ཕྱོགས་ཀྱིས་སོ་མ་ར་ཙའི་དུག་རྫས་ཐོན་རྫས་ཏུན་གསུམ་དང་གྲངས་ཆུང་ལྔ་རྩད་ཆོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ལོ་ཀིའི་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་ཚེས་བཅུ་ཉིན་སྤྱི་སྒྲོག་སྤེལ་ཏེ། མའོ་ལོ་ཀིའི་ཉེན་རྟོག་ཕྱོགས་ཀྱིས་ཆེས་ཆེ་བའི་གྲོང་ཁྱེར་ཁཱ་སཱ་པུའུ་ལན་ཁཱ་ཉེ་འདབས་སུ་སོ་མ་ར་ཙའི་དུག་རྫས་ཐོན་རྫས་ཏུན་གསུམ་དང་གྲངས་ཆུང་ལྔ་རྩད་ཆོད་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཁཱ་སཱ་པུའུ་ལན་ཁཱ་ཉེ་འདབས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་གླ་རིན་ལེན་ས་ཞིག་ནས། ཉེན་རྟོག་ཕྱོགས་ཀྱིས་དངོས་སྐྱེལ་རླངས་འཁོར་ཞིག་ལས་སོ་མ་ར་ཙའི་དུག་རྫས་ཐོན་རྫས་ཏུན་གསུམ་དང་གྲངས་ཆུང་ལྔ་རྩད་ཆོད་པར་མ་ཟད། དོགས་ཡོད་མི་སྣ་གཉིས་འཛིན་བཟུང་བྱས་ཡོད། ཁྲིམས་འཛིན་སྡེ་ཁག་གིས་དོན་དེའི་ཐད་ནས་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

མའོ་ལོ་ཀིའི་ས་ཁུལ་རེ་འགར་ཁྲིམས་འགལ་གྱིས་སོ་མ་ར་ཙ་འདེབས་འཛུགས་བྱེད་པའི་གནས་ཚུལ་ཚབས་ཆེན་ཡིན། འདས་པའི་ལོ་ངོ་བཅུ་ལྷག་གི་རིང་ལ། ཉེན་རྟོག་ཕྱོགས་ཀྱིས་སོ་མ་ར་ཙའི་འདེབས་འཛུགས་དང་ཐོན་རྫས་ཀྱི་ཉོ་ཚོང་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། སོ་མ་ར་ཙའི་དུག་རྫས་ཐོན་རྫས་མང་བོ་རྩད་ཆོད་ཡོད། བསྒྲགས་པ་ལྟར་ན། མའོ་ལོ་ཀིའི་སོ་མ་ར་ཙའི་དུག་རྫས་ཐོན་རྫས་མང་བོ་ཡོ་རོབ་གླིང་དུ་ལྐོག་འཚོང་བྱེད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།