ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཉིས་དང་སྟོང་དྲུག་སུམ་བརྒྱ་བརྒྱད་ཅུ་ལ་འཕར་སྣོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས10ཉིན། ཧྥ་རན་སི་འཕྲོད་བསྟེན་སྤྱི་ཁྱབ་ཧྲུའུ་ཡིས་བསྒྲགས་པའི་གསར་འགྱུར་སྤྱི་སྒྲོག་ནང་བཤད་དོན། ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཉིས་དང་སྟོང་དྲུག་སུམ་བརྒྱ་བརྒྱད་ཅུ་ལ་མཐོར་འདེགས་བྱུང་བ་དང་དེ་སྔ་ཉིན་དང་བསྡུར་ན་རྐྱེན་ལམ་དུ་ཤོར་བའི་ནད་པ་བདུན་ཅུ་འཕར་སྣོན་བྱུང་། རྐྱེན་ལམ་དུ་ཤོར་བའི་ནད་པ་འཕར་སྣོན་བྱུང་བ་དེ་ཧྥ་རན་སི་རྒྱལ་ཁབ་ཀྱིས་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་བཀག་སྡོམ་བཀའ་ཁྱབ་ལག་བསྟར་བྱས་པའི་ཚུན་ལ་ཆེས་ཉུང་བའི་ཉིན་ཞིག་རེད།

སྤྱི་སྒྲོག་ལྟར་ན། རྐྱེན་ལམ་དུ་ཤོར་བའི་ནད་པ་ཚོའི་ཁྲོད་དུ་སྨན་ཁང་ནས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཅིག་དང་སྟོང་དྲུག་དྲུག་བརྒྱ་ཞེ་གཉིས་ལ་སླེབས་པ་དང་དེ་སྔ་ཉིན་དང་བསྡུར་ན་རྐྱེན་ལམ་དུ་ཤོར་བའི་ནད་པ་རེ་དགུ་འཕར་སྣོན་བྱུང་། ནུས་ཤོར་རྒན་གསོ་ཁང་བཅས་པའི་སྤྱི་ཚོགས་སྨན་བཅོས་ལས་ཁུངས་སུ་རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་དགུ་དང་བདུན་བརྒྱ་སོ་བརྒྱད་ལ་སླེབས་པ་དང་དེ་སྔ་ཉིན་དང་བསྡུར་ན་རྐྱེན་ལམ་དུ་ཤོར་བའི་ནད་པ་གཅིག་འཕར་སྣོན་བྱུང་།

ཧྥ་རན་སི་སྲིད་གཞུང་དྲ་ངོས་སུ་ཚེས་བཅུ་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཏུ་ངོས་འཛིན་བྱས་པའི་ནད་པ་ཉིས་བརྒྱ་དང་དགུ་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་རེ་དགུ་འཕར་སྣོན་བྱུང་། ནུས་ཤོར་རྒན་གསོ་ཁང་དང་བཅས་པའི་སྤྱི་ཚོགས་སྨན་བཅོས་ལས་ཁུངས་ཁྲོད་དུ་བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་ཁྲི་གསུམ་དང་སྟོང་ལྔ་ཉིས་བརྒྱ་སོ་དྲུག་ལ་སླེབས་པ་དང་དེ་སྔ་ཉིན་དང་བསྡུར་ན་ནད་པ་བརྒྱ་དང་དགུ་འཕར་སྣོན་བྱུང་།།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།