ཀྲུང་གོ་བོད་ཀྱི་དྲ་བ།

ཁི་ལོ་ཏི་ཡཱའི་ཙུང་ལི་གཞོན་པ་དང་རྒྱལ་སྲུང་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཁི་ཨར་སི་ཏིས་ཆེ་ཝེ་ཆི་ཡིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁི་ལོ་ཏི་ཡཱའི་ཙུང་ལི་གཞོན་པ་དང་རྒྱལ་སྲུང་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཁི་ཨར་སི་ཏིས་ཆེ་ཝེ་ཆི་ཡིས་ཚེས་བདུན་ཉིན་གྱི་དགོང་མོར་ཉིན་དེར་བྱུང་བའི་དམག་དོན་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཐད་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

ཁི་ཨར་སི་ཏིས་ཆེ་ཝེ་ཆི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། གནམ་གྲུ་སར་ལྷུང་བའི་དོན་རྐྱེན་དེ་ཁི་ལོ་ཏི་ཡཱའི་དམག་དཔུང་ལ་མཚོན་ནི་གྱོང་གུད་ཆེན་པོ་ཞིག་ཡིན། ཁོས་འདས་པོར་མྱ་ངན་ཞུས་པ་དང་། འདས་པོའི་ཁྱིམ་མི་དང་ཁི་ལོ་ཏི་ཡཱའི་མཁའ་དམག་ལ་འཚམས་འདྲི་བྱས་པར་མ་ཟད། རང་ཉིད་ཀྱིས་ཙུང་ལི་གཞོན་པ་དང་རྒྱལ་སྲུང་པུའུ་ཀྲང་གི་ལས་འགན་བསྐྱུར་རྒྱུ་ཁྱབ་སྒྲོག་བྱས། 

ཁི་ཨར་སི་ཏིས་ཆེ་ཝེ་ཆི་ནི་ད་ལོར་ལོ་ལྔ་བཅུ་ཡིན་པ་དང་། ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་ཁི་ལོ་ཏི་ཡཱའི་ཙུང་ལི་གཞོན་པ་དང་རྒྱལ་སྲུང་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་བ་རེད། 

ཁི་ལོ་ཏི་ཡཱའི་མཁའ་དམག་གི་སྦྱོང་བརྡར་གནམ་གྲུ་ཆུང་བ་ཞིག་ཚེས་བདུན་ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་དེའི་མཚོ་འགྲམ་གྲོང་ཁྱེར་ཀྲ་ཏཱ་ཨར་ཉེ་འདབས་སུ་སར་ལྷུང་བ་དང་། གནམ་གྲུའི་སྟེང་གི་མི་གཉིས་པོ་རྐྱེན་ལམ་དུ་ཤོར། ཁི་ལོ་ཏི་ཡཱའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། སར་ལྷུང་བའི་གནམ་གྲུ་ནི་ཅེ་ཁི་ཡིས་ཐོན་སྐྱེད་བྱས་པའི་སྦྱོང་བརྡར་གནམ་གྲུ་ཆུང་བ་ཡིན་ལ། དོན་རྐྱེན་བྱུང་སྐབས་གནམ་གྲུའི་སྟེང་དུ་ཁྲིད་སྟོན་དམག་དཔོན་ཞིག་དང་སློབ་མ་ཞིག་གིས་རྒྱུན་སྲོལ་གྱི་འཕུར་སྐྱོད་སྦྱོང་བརྡར་བྱེད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།