ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམིགས་བསལ་འཐུས་མི་དང་ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱི་མགོ་ཁྲིད་པས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་སྲིད་གཞུང་གི་ཨ་ཧྥུའུ་ཧན་འགྲིག་མཐུན་ལས་དོན་གྱི་དམིགས་བསལ་འཐུས་མི་ཧཱ་ལེ་ལེ་ཀྲ་ཏི་ཡིས་ཚེས་བདུན་ཉིན་བཤད་རྒྱུར། ཁོ་རང་ཚེས་དྲུག་ཉིན་གྱི་དགོང་མོར་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་རུ་འབྱོར་ནས་ཨ་ཧྥུའུ་ཧན་ཐཱ་ལེ་པན་དྲག་རྩ་འཛུགས་ཀྱི་ཆབ་སྲིད་ལས་དོན་གྱི་འགན་ཁུར་བའི་མགོ་ཁྲིད་པ་པཱ་ལཱ་ཏཱ་ཨར་དང་གྲོས་མོལ་བྱས་ཟེར། 

ཧཱ་ལེ་ལེ་ཀྲ་ཏི་ཡིས་བསྟན་དོན། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་པའི་དམིགས་ཡུལ་ནི་གནད་དོན་རེ་འགའི་ཐད་ནས་གྲུབ་འབྲས་ལོན་པར་བརྩོན་ལེན་བྱེད་པའི་ཆེད་ཡིན། དེའི་ནང་ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་གྱིས་གང་མགྱོགས་སྒོས་བཀག་འཇུག་མི་སྣ་ཕྱིར་གཏོང་བ་དང་དྲག་ཤུགས་བྱ་སྤྱོད་མཚམས་འཇོག་པ། འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པ། ཨ་ཧྥུའུ་ཧན་ནང་ས་ཁུལ་གྱི་གྲོས་མོལ་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་སོགས་འདུས་ཡོད་ཟེར། 

ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱི་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་རུ་ཡོད་པའི་ཆབ་སྲིད་དོན་གཅོད་ཁང་གི་མགྲིན་ཚབ་པ་ཧྲ་ཞིན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་བཀག་འཇུག་མི་སྣ་ཕྱིར་གཏོང་བ་དང་ཨ་ཧྥུའུ་ཧན་ནང་ཁུལ་གྱི་གྲོས་མོལ་མགོ་རྩོམ་པ། ཕྱོགས་ཡོངས་ནས་ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་བཀོད་པའི་ཞི་བདེའི་གྲོས་མཐུན་ལག་བསྟར་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།