ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོས་རིམས་འགོག་མཉམ་ལས་ལ་སྐུལ་འདེད་བཏང་བར་གདེང་འཇོག་གང་ལེགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་མང་བོའི་མི་སྣས་བལྟས་ན། ཀྲུང་གོའི་རིམས་འགོག་བྱེད་ཐབས་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཡོད་ཅིང་། ཕྱོགས་སོ་སོའི་བར་འགོག་སྲུང་དང་གསོ་བཅོས་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། དགོས་མཁོ་ཡོད་པའི་རྒྱལ་ཁབ་ལ་སྨན་བཅོས་དངོས་རྫས་དང་དཔྱད་འཇལ་སྒྲིག་ཆས་འདོན་སྤྲོད་བྱས་པ་དང་། དོན་དངོས་བྱ་སྤྱོད་ལས་རྒྱལ་ཁབ་གཞན་པའི་བར་རིམས་འགོག་མཉམ་ལས་སྤེལ་བས། ཀྲུང་གོའི་བྱེད་ཐབས་དེར་ཀུན་གྱིས་བསྟོད་བསྔགས་བྱེད་བཞིན་ཡོད་པར་འདོད། 

ཀྲུང་གོས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་བཅུ་དྲུག་ལ་སྨན་བཅོས་རིམས་འགོག་ཆེད་མཁས་ཚན་ཆུང་སྐོར་བཅོ་ལྔ་མངག་གཏོང་བྱས་པ་དང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་བརྒྱ་ལྷག་གི་བར་ཆེད་མཁས་པའི་བརྙན་རིས་ཚོགས་འདུ་བསྡུས་ཏེ། དོན་དངོས་བྱ་སྤྱོད་ལས་རིམས་ནད་འགོག་བཅོས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་ཡོད། 

ཅི་པུའུ་ཐིས་ན་ཡོད་པའི་ཀྲུང་གོའི་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཆུང་ཚེས་གསུམ་ཉིན་ས་དེའི་གཏན་འཁེལ་བྱས་པའི་གསོ་བཅོས་སྨན་ཁང་སྟེ་ཨ་ཨར་ཐཱ་སྨན་ཁང་དུ་སོང་ནས། ནད་པ་གསོ་བཅོས་བྱས་པའི་གནས་ཚུལ་དང་འགོ་ནད་ཀྱི་དོ་དམ་ལས་རིམས་ལ་རྒྱུས་ལོན་བྱས་པ་དང་། སྨན་ཁང་ལ་རིམས་འགོག་གྲོས་གཞི་དང་གསོ་སྦྱོང་། ལག་རྩལ་བློ་འདྲི་བཅས་འདོན་སྤྲོད་བྱས་པར་མ་ཟད། དམིགས་སའི་རང་བཞིན་དྲག་པོ་ལྡན་ལ་ཕན་ནུས་བཟང་བའི་རིམས་འགོག་ཇུས་གཞི་གཏན་འབེབས་བྱས། 

འཛམ་གླིང་འཕྲོེད་བསྟེན་རྩ་འཛུགས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་ཆེད་མངག་ཕོ་ཉ་ནཱ་པཱ་ལོ་ཡིས་བསྟན་དོན། ཀྲུང་གོས་མཉམ་སྤྱོད་བྱས་པའི་ཉམས་མྱོང་གིས་རྒྱལ་ཁབ་གཞན་པར་རོགས་རམ་ཆེན་པོ་ཐོབ་ཡོད་པ་དང་། རྒྱལ་ཁབ་གཞན་པས་རང་རང་གི་གནས་ཚུལ་ལ་གཞིགས་ཏེ་དཔྱད་གཞིར་བཟུང་ཆོག ཀྲུང་གོའི་སྲིད་གཞུང་གི་འགོག་བཅོས་བྱེད་ཐབས་དང་ཀྲུང་གོའི་ཚན་རིག་པའི་ཞིབ་འཇུག་གྲུབ་འབྲས་དེ་འཛམ་གླིང་ཡོངས་ལ་མཚོན་ལ་བློ་སྒོ་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་ཟེར། 

རྒྱལ་ཁབ་མང་བོའི་མི་སྣས་ཀྲུང་གོས་རྒྱལ་ཁབ་གཞན་པའི་བར་དུ་རིམས་འགོག་མཉམ་ལས་རྒྱ་ཆེར་སྤེལ་བར་གདེང་འཇོག་གང་ལེགས་བྱས་པ་དང་། མཐུན་སྒྲིལ་མཉམ་ལས་དེ་འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་རྒོལ་ཐད་གལ་འགངས་ཧ་ཅང་ཆེ་བ་ནན་བཤད་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།