ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ལོ་ཀིའི་མཚོ་དམག་གིས་ལྐོག་འགྲོས་མཁན་བརྒྱ་དང་ང་བདུན་བསྐྱབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ལོ་ཀིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་དྲུག་ཉིན་བསྒྲགས་པ་ལྟར་ན། མའོ་ལོ་ཀིའི་མཚོ་དམག་གི་ཁོངས་སུ་གཏོགས་པའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཟླ་འདིའི་ཚེས་གཉིས་ཉིན་ནས་ཚེས་བཞིའི་ཉིན་བར་བསྡོམས་པས་ལྐོག་འགྲོས་མཁན་བརྒྱ་དང་ང་བདུན་བསྐྱབས་ཡོད་ཟེར། 

མའོ་ལོ་ཀིའི་དཔོན་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། མའོ་ལོ་ཀིའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ས་དཀྱིལ་མཚོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་ཁོངས་ནས་འགྱིག་བཟོས་གྲུ་གཟིངས་ཆུང་བ་མང་བོ་རྙེད་པ་དང་། གྲུ་གཟིངས་སྟེང་ནས་མི་བརྒྱ་དང་ང་བདུན་བསྐྱབས་ཡོད་ཟེར། 

བསྒྲགས་པ་ལྟར་ན། ལྐོག་འགྲོས་མཁན་དེ་དག་མང་ཆེ་བ་ནི་སཱ་ཧཱ་ལཱ་ལྷོ་མའི་རྒྱལ་ཁབ་དག་ནས་ཡོང་བ་ཡིན་ལ། མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་དེའི་ནང་གི་བདེ་ཐང་གནས་ཚུལ་དེ་འདྲ་བཟང་རྒྱུ་མེད་པའི་མི་རེ་འགར་དགོས་ངེས་ཀྱི་གསོ་བཅོས་བྱས་པ་དང་། མིག་སྔར་མི་བརྒྱ་དང་ང་བདུན་པོ་དེ་ཉེ་འདབས་ཀྱི་གྲུ་ཁར་བསྐྱལ་ཡོད་ཟེར། 

མའོ་ལོ་ཀི་དང་སི་ཕན་གྱི་བར་དུ་ཀྲི་པུའུ་ལོ་ཐའོ་མཚོ་འགག་གིས་ཆོད་ཡོད་པ་དང་། གྲུ་གཟིངས་ལ་བསྡད་དེ་མཚོ་འགག་དེ་བརྒལ་བར་ཧ་ལམ་སྐར་མ་བཞི་བཅུ་ཙམ་དགོས་པ་རེད། མའོ་ལོ་ཀི་ནས་སི་ཕན་དུ་འགྲོ་བ་ནི་ཁྲིམས་འགལ་གནས་སྤོར་སྡོད་དམངས་དག་ཡོ་རོབ་གླིང་དུ་བགྲོད་པའི་ལམ་ཐིག་གཙོ་བོ་ཞིག་ཡིན་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།