ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ལ་ཁ་པར་བཏང་སྟེ་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་གཞི་གཅིག་ཅན་སོགས་ཀྱི་གནད་དོན་ལ་གྲོས་སྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་ལྔ་ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ལ་ཁ་པར་བཏང་སྟེ་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་གཞི་གཅིག་ཅན་སོགས་ཀྱི་གནད་དོན་ལ་གྲོས་སྡུར་བྱས།

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་སྟེང་ཚེས་ལྔ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཁ་པར་ལས་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་མནའ་འབྲེལ་སྤྱི་ཁོག་ནང་དུ་རོགས་ལས་ལ་ཤུགས་སྣོན་པའི་གནད་དོན་རབ་དང་རིམ་པར་གྲོས་བསྡུར་བྱས་པ་དང་། ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་གཞི་གཅིག་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བར་འཐད་པ་བྱུང་།

བསྒྲགས་པའི་གནས་ཚུལ་ལྟར་ན། ཕུའུ་ཅིན་དང་ལུའུ་ཁ་ཧྲིན་གྱིས་ད་དུང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཐད་ལ་གྲོས་བསྡུར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱིས་སྤྱད་པའི་རིམས་འགོག་བྱེད་ཐབས་དང་རིམས་ནད་ཀྱིས་བཟོས་པའི་ཤུགས་རྐྱེན་ཐད་ནས་བསམ་འཆར་བརྗེ་རེས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།