ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་ཕུད་པའི་ཕྲོག་གསར་གློ་ཚད་ཀྱི་ནད་པ3432941ཡོད་ཅེས་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ལྔ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཀྲུང་གོ་ཕུད་པའི་པྲོག་གསར་གློ་ཚད་བྱུང་བའི་ནད་པ3432941ཟིན་ཡོད་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་དབུས་རྒྱུད་ཀྱི་དུས་ཚོད་ཚེས5ཉིན་གྱི་ཆུ་ཚོད10བར(པེ་ཅིང་གི་དུས་ཚོད་ཆུ་ཚོད16པ)ཀྲུང་གོ་ཕུད་པའི་རིམས་ནད་གསར་པ་གཏན་འཁེལ་བྱས་པའི་ནད་པ་དེ་ཉིན་གོང་མ་དང་བསྡུར་ན་81450ཡིས་མང་དུ་ཕྱིན་ནས3432941ཟིན་པ་དང་། ཀྲུང་གོ་མ་ཐེ་བར་ཤི་བའི་ནད་པ་ཉིན་སྔོན་མ་ལས3797མང་དུ་སོང་ནས23878ཟིན་ཡོད། འཛམ་གླིང་ཧྲིལ་བོའི་ཁྱབ་ཁོངས་ནས། རིམས་ནད་པྲོག་གསར་གློ་ཚད་ལ་ངོས་བཟུང་བའི་ནད་པ་དེ་སྔོན་མ་ལས81454མང་དུ་ཕྱིན་ནས3517345ཟིན་པ་དང་། ཤི་བའི་ནད་པ་ནི་ཉིན་སྔོན་མ་དང་བསྡུར་ན3797མང་དུ་སོང་ནས་243401ལ་སླེབས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།