ཀྲུང་གོ་བོད་ཀྱི་དྲ་བ།

ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡ་སི་ཁ་ན་ཨར་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་དང་མཉམ་ལས་ལ་ཤུགས་བསྣན་ཏེ་འཛམ་གླིང་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་དགོས་ཞེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས4ཉིན། ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡ་སི་ཁ་ན་ཨར་གྱིས་བཤད་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་དང་མཉམ་ལས་ལ་ཤུགས་བསྣན་ཏེ་འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་དགོས་པ་དང་། ཁུ་པ་ཕྱོགས་ཀྱིས་རྒྱལ་ཁབ་གཞན་དག་དང་མཉམ་དུ་རིམས་འགོག་ཉམས་མྱོང་ལོངས་སུ་སྤྱོད་འདོད་ཡོད་ཟེར།

ཏིས་ཡ་སི་ཁ་ནེ་ཨར་གྱིས་མནའ་འབྲེལ་མིན་པའི་འགུལ་སྐྱོད་ཀྱིས་འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་ཁ་གཏད་འཇལ་ཆེད་བསྡུས་པའི་འབྲེལ་འདྲིས་ཚན་ཆུང་གི་དམིགས་བསལ་བརྙན་རིས་མཐོ་རིམ་གྲོས་ཚོགས་སྟེང་བཤད་དོན། པྲོག་དབྱིབས་ནད་དུག་ནི་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཅིག་ཡིན་ལ། རྒྱལ་མཚམས་མེད་ཅིང་འདུ་ཤེས་འཛིན་སྟངས་མི་བཀར་བ་དང་འཕེལ་རྒྱས་ཀྱི་ཆུ་ཚད་ལ་དབྱེ་བ་མི་བཀར་བ་ཞིག་ཡིན་ཟེར།

ཐེངས་འདིའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ནི་མནའ་འབྲེལ་མིན་པའི་འགུལ་སྐྱོད་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨ་སེ་པད་ཅང་གི་ཙུང་ཐུང་ཨ་ལིས་དབྱི་ཧྥུའུ་ཡིས་གྲོས་འགོ་བཏོན་པའི་འོག་ཏུ་བསྡུས་པ་དང་། མནའ་འབྲེལ་རྒྱལ་ཁབ་མིན་པའི་འགུལ་སྐྱོད་ཁོངས་གཏོགས་རྒྱལ་ཁབ་བཞི་བཅུ་ལྷག་གི་རྒྱལ་ཁབ་ཀྱི་གཙོ་བདག་དང་སྲིད་གཞུང་གི་འགོ་གཙོ་གྲོས་ཚོགས་ལ་ཞུགས།

མནའ་འབྲེལ་མིན་པའི་འགུལ་སྐྱོད་དེ་གཅིག་དགུ་རེ་གཅིག་ལོར་བཙུགས་ཤིང་། མིག་སྔར་ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་ཉི་ཤུ་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་སྟེང་དུ་ཁྱབ་རྒྱ་ཆེ་བའི་འཐུས་ཚབ་རང་བཞིན་ལྡན། ཀྲུང་གོ་ནི་གཅིག་དགུ་གོ་གཉིས་ལོའི་ཟླ་དགུ་བར་མནའ་འབྲེལ་མིན་པའི་འགུལ་སྐྱོད་ལྟ་ཞིབ་པའི་རྒྱལ་ཁབ་ཏུ་གྱུར་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།