ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱ་དང་སོ་ལྔ་འཕར་སྣོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས3ཉིན། ཧྥ་རན་སི་འཕྲོད་བསྟེན་སྤྱི་ཁྱབ་ཧྲུའུ་ཡིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ནང་བསྟན་དོན། ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱ་དང་སོ་ལྔ་འཕར་སྣོན་བྱུང་བ་དང་། བསྡོམས་པས་ནད་པ་ཁྲི་གཉིས་དང་སྟོང་བཞི་བརྒྱད་བརྒྱ་གོ་ལྔ་རྐྱེན་ལམ་དུ་ཤོར།

སྤྱི་སྒྲོག་ལྟར་ན། རྐྱེན་ལམ་དུ་ཤོར་བའི་ནད་པ་ཡོད་ཚད་ཁྲོད་དུ་སྨན་ཁང་ནས་ནད་པ་བསྡོམས་པས་ཁྲི་གཅིག་དང་སྟོང་ལྔ་ལྔ་བརྒྱ་གྱ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། འདས་པའི་དུས་ཚོད་ཉེར་བཞིའི་ནང་རྐྱེན་ལམ་དུ་ཤོར་བའི་ནད་པ་གོ་དྲུག་འཕར་སྣོན་བྱུང་ཞིང་། ནུས་ཤོར་རྒན་གསོ་ཁང་དང་བཅས་པའི་སྤྱི་ཚོགས་སྨན་བཅོས་ལས་ཁུངས་སུ་ནད་པ་སྟོང་དགུ་དང་སུམ་བརྒྱ་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་འདས་པའི་དུས་ཚོད་ཉེར་བཞིའི་ནང་རྐྱེན་ལམ་དུ་ཤོར་བའི་ནད་པ་སོ་དགུ་འཕར་སྣོན་བྱུང་།

ཧྥ་རན་སི་འཕྲོད་བསྟེན་པུའུ་ཀྲང་ཝེ་ལང་གིས་ཚེས་གཉིས་ཉིན་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་བྱེད་པའི་དགོས་མཁོ་ལྟར། ཧྥ་རན་སི་སྲིད་གཞུང་གིས་ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན་ཐོན་ལ་ཡོད་པའི་འཕྲོད་བསྟེན་ཛ་དྲག་གནས་བབ་ཀྱི་ཉིན་མོ་དེ་མུ་མཐུད་དུ་ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་བར་རྗེས་ལ་སྣུར་རྒྱུའི་འཆར་གཞི་བཀོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།