ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་དུ་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་གཉིས་ཉིན་བདེན་དཔང་བྱས་དོན། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ལཱ་ཀི་མན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་མུས་ཐི་ལཱ་མུའུ་ནས་ཉིན་དེར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བཞིར་རྨས་ཕོག་ཡོད་ཟེར། 

ལཱ་ཀི་མན་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཏཱ་ཝུའུ་ལཱ་ཐི་ཀྲ་དབྱེ་ཡིས་གསར་འགོད་པར་བཤད་རྒྱུར། ཉིན་དེའི་ཉིན་གུང་དུས་ཚོད་བཅུ་གཉིས་ཡས་མས་སུ། འགད་རྫས་དྲུད་པའི་འཕྲུལ་རྟ་ཞིག་ལཱ་ཀི་མན་ཞིང་ཆེན་གྱི་བཙོན་ཁང་ཐོག་ཁང་ཉེ་འདབས་ཀྱི་གཞུང་ལམ་སྟེང་འགས་གཏོར་བྱུང་སྟེ། ལམ་དུ་འགྲོ་བའི་རླངས་འཁོར་སྟེང་གི་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཞིར་རྨས་ཕོག་ཡོད་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།