ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གསུམ་དང་ཁྲི་དགུ་བརྒྱད་བརྒྱ་ཉེར་གཉིས་སུ་བསླེབས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་ལྔ་བའི་ཚེས་གཅིག་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གསུམ་དང་འབུམ་གཅིག་ཁྲི་བརྒྱད་སྟོང་གཉིས་བདུན་བརྒྱ་གོ་དྲུག་ཏུ་བསླེབས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་གཉིས་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཡ་གསུམ་དང་འབུམ་གཅིག་ཁྲི་བརྒྱད་སྟོང་གཉིས་བདུན་བརྒྱ་གོ་དྲུག་ཏུ་བསླེབ་ཡོད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཟླ་ལྔ་བའི་ཚེས་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་བར། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་དགུ་དང་སྟོང་གཅིག་དགུ་བརྒྱ་དོན་བཞི་ཇེ་མང་དུ་སོང་ནས། བསྡོམས་པས་ཡ་གསུམ་དང་འབུམ་གཅིག་ཁྲི་བརྒྱད་སྟོང་གཉིས་བདུན་བརྒྱ་གོ་དྲུག་ཏུ་བསླེབས། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་དང་བདུན་བརྒྱ་གོ་དགུ་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་གཉིས་དང་ཁྲི་གཉིས་སྟོང་ལྔ་སུམ་བརྒྱ་ཉེར་བརྒྱད་དུ་བསླེབ་ཡོད། 

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་དགུ་དང་སྟོང་གཅིག་དགུ་བརྒྱ་དོན་བདུན་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གསུམ་དང་འབུམ་གཉིས་ཁྲི་དྲུག་སྟོང་བདུན་བརྒྱ་དང་གྱ་བཞིར་བསླེབ་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་དང་བདུན་བརྒྱ་གོ་དགུ་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་གཉིས་དང་ཁྲི་གཉིས་སྟོང་དགུ་དགུ་བརྒྱ་དོན་གཅིག་ཏུ་བསླེབ་ཡོད།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།