ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་སྲིད་གཞུང་གིས་འཕྲོད་བསྟེན་བྲེལ་མྱུར་རྣམ་པ་རྒྱུན་བསྲིང་རྒྱུའི་འཆར་གཞི་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཧྥ་རན་སིའི་འཕྲོད་བསྟེན་པུའུ་ཀྲང་ཝེ་ལིང་གིས་ཚེས་གཉིས་ཉིན་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་སྲུང་དགོས་མཁོར་དམིགས་ཏེ། ཧྥ་རན་སིའི་སྲིད་གཞུང་གིས་ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན་ལོངས་པའི་འཕྲོད་བསྟེན་བྲེལ་མྱུར་རྣམ་པ་དེ་ཟླ་བདུན་པའི་ཚེས་ཉེར་བཞིའི་བར་ཟླ་ངོ་གཉིས་ཀྱིས་རྒྱུན་ཇེ་རིང་དུ་གཏོང་རྒྱུའི་འཆར་གཞི་ཡོད་ཟེར། 

ཧྥ་རན་སིའི་སྲིད་གཞུང་གིས་ཉིན་དེར་བསྡུས་པའི་པུའུ་ཀྲང་གྲོས་ཚོགས་ནས་འཕྲོད་བསྟེན་བྲེལ་མྱུར་རྣམ་པ་རྒྱུན་བསྲིང་བའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་བསྡུར་བྱས། ཝེ་ལིང་གིས་གྲོས་ཚོགས་གྲོལ་རྗེས་བསྟན་དོན། ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན་འཕྲོད་བསྟེན་བྲེལ་མྱུར་རྣམ་པ་མེད་པར་བཏང་ན་སྔ་དྲགས་པ་དང་། གང་འདོད་ལྟར་མིག་སྔའི་འགོག་སྲུང་བྱེད་ཐབས་རྩིས་མེད་དུ་བཏང་ན་རིམས་ནད་ཡང་བསྐྱར་འབྱུང་བའི་ཉེན་ཁ་ཡོད་ཟེར། 

བཅའ་ཁྲིམས་འཆར་ཟིན་དེ་ཚེས་བཞི་ཉིན་ཧྥ་རན་སིའི་གྲོས་ཞུགས་ཁང་ལ་སྤྲད་དེ་གྲོས་ཞིབ་བྱེད་རྒྱུ་ཡིན་པ་དང་། དེའི་རྗེས་སུ་རྒྱལ་དམངས་གྲོས་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་རེད། 

ཧྥ་རན་སིའི་འཕྲོད་བསྟེན་སྤྱི་ཁྱབ་པུའུ་ཡིས་ཚེས་གཉིས་ཉིན་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན།ཧྥ་རན་སི་རུ་འདས་པའི་དུས་ཚོད་ཉེར་བཞིའི་ནང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་བརྒྱ་དང་རེ་དྲུག་ཇེ་མང་དུ་སོང་ནས། རིམ་རྩིས་ཀྱིས་ནད་པ་ཁྲི་གཉིས་དང་སྟོང་བཞི་བདུན་བརྒྱ་དྲུག་ཅུ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།