ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གློ་ཚད་རིམས་ནད་གསར་པ་དེ་སྔར་བཞིན“རྒྱལ་སྤྱིའི་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན”ཞིག་ཏུ་གྱུར་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་ལྔ་བའི་ཚེས་གཅིག་ཉིན་ཁྱབ་བསྒྲགས་བྱས་དོན། མིག་སྔའི་རྒྱལ་སྤྱིའི་རིམས་ནད་ཀྱི་གནས་བབ་ལ་གཞིགས་ནས། གློ་ཚད་རིམས་ནད་གསར་པ་དེ་ནི“རྒྱལ་སྤྱིའི་ཐོག་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན”ཞིག་ཏུ་སྔར་བཞིན་གྱུར་ཡོད་ཟེར།

ཟླ་དང་པོའི་ཟླ་མཇུག་ཏུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གློ་ཚད་རིམས་ནད་ཀྱི་རིམ་པ་གསར་པ་དེ“རྒྱལ་སྤྱིའི་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན”ཞིག་ཏུ་གྲུབ་པ་ཁྱབ་བསྒྲགས་བྱས་ནས་ཟླ་གསུམ་འདས་ཡོད་ཟེར། 《རྒྱལ་སྤྱིའི་འཕྲོད་བསྟེན་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཐོལ་བྱུང་དོན་རྐྱེན་ཨུ་ཡོན་ལྷན་ཁང་གིས་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན། ཚོགས་འདུ་འཚོགས་ནས་རིམས་ནད་ཀྱི་ད་ལྟའི་གནས་ཚུལ་ལ་གྲོས་བསྡུར་དང་དཔྱད་འཇོག་བྱས་པ་དང་འབྲེལ་ནས། རིམས་ནད་ལ་ཁ་གཏད་གཅོག་པའི་གྲོས་འགོ་གསར་སྒྱུར་བྱས་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་ལྔ་བའི་ཚེས་གཅིག་ཉིན་ཐོལ་བྱུང་དོན་རྐྱེན་ཨུ་ཡོན་ལྷན་ཁང་གིས། མིག་སྔའི་གློ་ཚད་རིམས་ནད་གསར་པ“རྒྱལ་སྤྱིའི་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན”ཞིག་ཏུ་སྔར་བཞིན་གྲུབ་རྒྱུར་མགྲིན་གཅིག་གིས་མོས་མཐུན་བྱས་པ་དང་ཆབས་ཅིག འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེའི་ཚོགས་མིའི་རྒྱལ་ཁབ་ལ་དུས་མཚམས་རྗེས་མའི་རིམས་ནད་འགོག་རྒྱུའི་སྐོར་ནས་གྲོས་འགོ་འདོན་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཐན་ཏེ་སའེ་ཡིས། དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཐོལ་བྱུང་དོན་རྐྱེན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས། འཛམ་གླིང་སྲོག་ཆགས་འཕྲོད་བསྟེན་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་མཉམ་ལས་བྱས་ནས། ནད་དུག་གསར་པའི་འབྱུང་ཁུངས་རྩད་གཅོད་བྱ་རྒྱུའི་གྲོས་འགོ་དང་ལེན་ཞུས་པ་རེད། དེ་དང་ཆབས་ཅིག་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་ཁག་གི་གཞི་རྩའི་འཕྲོད་བསྟེན་ཞབས་ཞུ་རྒྱུན་འཁྱོངས་བྱ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། དེའི་ནང་རིམས་འགོག་སྨན་ཁབ་རྒྱག་པ་དང་། མངལ་སྦྲུམ་པ། ཕྲུ་གུ་སྐྱེ་རིང་བུད་མེད་ཀྱི་འཕྲོད་སྦྱོར་དང་དེ་བཞིན་བསམ་པའི་འཕྲོད་བསྟེན་གྱི་གནས་ཚུལ་ཚུད་པའི་འགོས་ནད་མིན་པའི་ནད་ཡམས་ཀྱི་འཕྲོད་སྦྱོར་ཚུད་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཐོལ་བྱུང་དོན་རྐྱེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཏི་ཏི་ཨའེ·ཝུའུ་སང་གིས་གསར་འགོད་པའི་ཚོགས་འདུའི་ཐོག་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེའི་ཚོགས་མིའི་རྒྱལ་ཁབ་ལ་བཏོན་པའི་གྲོས་འགོ་གཙོ་གནད་ཐོག་ངོ་སྤྲོད་བྱས་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།