ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁར་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཅིག་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་ཉེར་བརྒྱད་ཉིན་ཁྱབ་སྒྲོག་བྱས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་བསྡོམས་རྩིས་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། ཨ་མེ་རི་ཁར་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཅིག་ལས་བརྒལ་ཡོད་ཟེར། 

ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་ལྔ་བཅུའི་བསྒྲགས་པའི་གཞི་གྲངས་ལྟར་ན། ཨ་མེ་རི་ཁའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཅིག་དང་སྟོང་གཉིས་བཞི་བརྒྱ་གོ་བརྒྱད་དུ་བསླེབ་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་ལྔ་དང་སྟོང་བདུན་ལྔ་བརྒྱ་སོ་གསུམ་ཡིན་ལ། ནད་པའི་ཁ་གྲངས་དང་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་གང་ཡིན་ཡང་འཛམ་གླིང་སྟེང་ཆེས་མང་བའི་རྒྱལ་ཁབ་ཡིན། 

གཞི་གྲངས་ལས་མངོན་པ་ལྟར་ན། ཉིག་ཡོ་གྲོང་ཁྱེར་ནི་ཨ་མེ་རི་ཁའི་རིམས་ནད་ཆེས་ཚབས་ཆེ་བའི་ས་ཁུལ་ཞིག་ཡིན་པ་དང་། ནད་པ་འབུམ་གཉིས་དང་ཁྲི་དགུ་སྟོང་ལྔ་བརྒྱ་དང་དྲུག་ཡོད་པ་དང་། ནད་པ་ཁྲི་གཉིས་དང་སྟོང་གཉིས་དགུ་བརྒྱ་བཅུ་གཉིས་རྐྱེན་ལམ་དུ་ཤོར། ཞིན་ཙེ་ཞི་ཀྲིག་ཏུ་ནད་པ་འབུམ་གཅིག་དང་ཁྲི་གཅིག་སྟོང་གསུམ་དགུ་བརྒྱ་ང་དྲུག་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་དྲུག་དང་བཞི་བརྒྱ་ཞེ་གཉིས་ཡོད། ནད་པའི་ཁ་གྲངས་ཁྲི་བཞི་ལས་བརྒལ་བའི་ཀྲིག་ལ་ད་རུང་མཱ་སཱ་ཀྲུའུ་སེ་ཀྲིག་དང་། དབྱེ་ལེ་ནོའུ་དབྱེ་ཀྲིག ཅཱ་ལེ་ཧྥུའུ་ནེ་ཡཱ་ཀྲིག པེན་ཞི་ཧྥ་ནེ་ཡཱ་ཀྲིག་བཅས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།