ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་ས་ཡ་གསུམ་ལྷག་ལ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས29ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་ཆེས་གསར་བའི་གཞི་གྲངས་ལས་མངོན་པ་ལྟར་ན། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་ས་ཡ་གསུམ་དང་ཁྲི་གཅིག་སྟོང་བརྒྱད་དང་དགུ་བརྒྱ་ང་གཉིས་ལ་སླེབས་པ་དང་། དེའི་ནང་དུ་ཀྲུང་གོ་ལས་གཞན་པའི་ངོས་འཛིན་བྱས་པའི་ནད་པ་ས་ཡ་གཉིས་དང་འབུམ་དགུ་ཁྲི་གསུམ་དང་སྟོང་བཞི་དང་ལྔ་བརྒྱ་གྱ་གསུམ་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེར་རིམས་ནད་གནས་ཚུལ་ཡར་ཞུ་བྱས་པའི་གྲངས་ཀ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་དགུ་ཉིན་གྱི་དུས་ཚོད་བཅུའི་བར་དུ་ཀྲུང་གོ་ལས་གཞན་པའི་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་སྔ་ཉིན་དང་བསྡུར་ན་ཁྲི་དྲུག་དང་སྟོང་དྲུག་ཉིས་བརྒྱ་དང་ང་བཞི་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་ས་ཡ་གཉིས་དང་འབུམ་དགུ་ཁྲི་གསུམ་དང་སྟོང་བཞི་ལྔ་བརྒྱ་གྱ་གསུམ་ལ་སླེབས། ཀྲུང་གོ་ལས་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་དང་བསྡུར་ན་ནད་པ་སྟོང་ལྔ་དང་སུམ་བརྒྱ་དོན་དྲུག་ཇེ་མང་དུ་སོང་བ་དང་། བསྡོམས་པས་ནད་པ་འབུམ་གསུམ་དང་སྟོང་གསུམ་སུམ་བརྒྱ་སུམ་ཅུ་ལ་སླེབས།

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་སྔ་ཉིན་དང་བསྡུར་ན་ཁྲི་དྲུག་དང་སྟོང་དྲུག་ཉིས་བརྒྱ་དོན་དྲུག་འཕར་སྣོན་བྱུང་བ་དང་། བསྡོམས་པས་ནད་པ་ས་ཡ་གསུམ་དང་ཁྲི་གཅིག་སྟོང་བརྒྱད་དང་དགུ་བརྒྱ་ང་གཉིས་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་དང་བསྡུར་ན་སྟོང་ལྔ་དང་སུམ་བརྒྱ་དོན་དྲུག་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་འབུམ་གཉིས་དང་སྟོང་བདུན་དགུ་བརྒྱ་དོན་གསུམ་ལ་སླེབས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།