ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་དྲུག་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་ཉེར་དགུ་ཉིན་ཁྱབ་སྒྲོག་བྱས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་བསྡོམས་རྩིས་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་དྲུག་ལས་བརྒལ་ཡོད་ཟེར།

ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་དགུ་ཉིན་གྱི་དུས་ཚོད་བཅུ་དྲུག་བར་བསྒྲགས་པའི་གཞི་གྲངས་ལྟར་ན། ཨ་མེ་རི་ཁ་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་དྲུག་དང་ཉིས་བརྒྱ་དང་བདུན་ལ་སླེབས་པ་དང་། ནད་པའི་ཁ་གྲངས་དང་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་གང་ཡིན་ཡང་འཛམ་གླིང་སྟེང་ཆེས་མང་བའི་རྒྱལ་ཁབ་ཡིན།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་རུ་བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་ས་ཡ་གཅིག་དང་ཁྲི་གསུམ་བཞི་བརྒྱ་གྱ་བདུན་ལ་སླེབས། རིམས་ནད་འགོས་ཁྱབ་སོང་བ་ཚབས་ཆེ་བའི་ཉིག་ཡོ་གྲོང་ཁྱེར་དུ་ནད་པ་བསྡོམས་པས་འབུམ་གཉིས་དང་ཁྲི་དགུ་སྟོང་དགུ་དང་དྲུག་བརྒྱ་གོ་གཅིག་ལ་སླེབས་པ་དང་། ནད་པ་ཁྲི་གཉིས་དང་སྟོང་གསུམ་སུམ་བརྒྱ་གྱ་བཞི་རྐྱེན་ལམ་དུ་ཤོར། དེ་ལམ་གཞན། ཞིན་ཙེ་ཞི་ཀྲིག་ཏུ་ནད་པ་སྟོང་དྲུག་དང་བདུན་བརྒྱ་དོན་གཅིག་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།