ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་ཁྲི300ལས་བརྒལ་བར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(图表)[国际疫情]全球新冠肺炎累计确诊病例超过300万例

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རི་ཤར་རྒྱུད་ཀྱི་དུས་ཚོད་ཚེས27ཉིན་གྱི་ཆུ་ཚོད13དང་སྐར་མ30(པེ་ཅིང་གི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད22བར)  སྟེང་འདྲི་རྩད་བྱས་པའི་གཞི་གྲངས་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ3002303ཡོད་ལ་ཚེ་འདས་ནད་པ208131ལ་སླེབས།

གཞི་གྲངས་ལས་མངོན་པ་ལྟར་ན།  ཨ་རི་ནི་རིམས་ནད་ཆེས་ཚབས་ཆེ་བའི་རྒྱལ་ཁབ་ཡིན་ལ་ནད་རྟགས་ཐག་བཅད་པའི་ནད་པ972969ལ་སླེབས་ཤིང་རིམ་རྩིས་བྱས་ན་ཚེ་འདས་ནད་པ55118ཡོད་པ་དང་། སི་ཕེན་དུ་ནད་རྟགས་ཐག་བཅད་པའི་ནད་པ229422ལ་སླེབས་ཤིང་ཚེ་འདས་ནད་པ23521ཡོད་པ་དང་།  དབྱི་ཐ་ལི་རུ་ནད་རྟགས་ཐག་བཅད་པའི་ནད་པ199414ལ་སླེབས་ཤིང་ཚེ་འདས་ནད་པ26977ཡོད་པ་རེད། རིམ་རྩིས་བྱས་ན་རིམས་ནད་ཕོག་པའི་ནད་པ་ཁྲི10ལས་བརྒལ་བའི་རྒྱལ་ཁབ་ལ་ཧྥ་རན་སེ་དང་འཇར་མན། དབྱིན་ཇི། ཐུར་ཁེ་བཅས་ཡོད་པ་རེད།

གཞི་གྲངས་འདི་དག་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་གསར་ནད་དུག་ཞིབ་འཇུག་རྣམ་གྲངས་གིས་རྒྱལ་ཁབ་དང་ས་ཁུལ་སོ་སོ་ནས་དུས་ཐོག་ཏུ་ཕྱོགས་བསྡུས་བྱས་པའི་གཞི་གྲངས་ལས་མངོན་པ་རེད། །


རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།