ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གསུམ་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་ཉེར་བདུན་ཉིན་ཁྱབ་སྒྲོག་བྱས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་བསྡོམས་རྩིས་གཞི་གྲངས་ལྟར་ན། འཛམ་གླིང་ཡོངས་སུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གསུམ་ལས་བརྒལ་ཡོད།

ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་དང་སྐར་མ་སུམ་ཅུའི་སྟེང་བསྒྲགས་པའི་གཞི་གྲངས་ལྟར་ན། འཛམ་གླིང་ཡོངས་སུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གསུམ་དང་སྟོང་གཉིས་སུམ་བརྒྱ་གསུམ་དུ་བསླེབ་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་འབུམ་གཉིས་དང་སྟོང་བརྒྱད་བརྒྱ་དང་སོ་གཅིག་ལ་བསླེབ་ཡོད་ཟེར། 

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་རིམས་ནད་ཆེས་ཚབས་ཆེ་བའི་རྒྱལ་ཁབ་ཡིན་པ་དང་། རིམ་རྩིས་ཀྱིས་ནད་པ་འབུམ་དགུ་དང་ཁྲི་བདུན་སྟོང་གཉིས་དགུ་བརྒྱ་རེ་དགུ་ཡོད་ལ། རིམ་རྩིས་ཀྱིས་ནད་པ་ཁྲི་ལྔ་དང་སྟོང་ལྔ་བརྒྱ་དང་བཅོ་བརྒྱད་རྐྱེན་ལམ་དུ་ཤོར། སི་ཕན་དུ་རིམ་རྩིས་ཀྱིས་ནད་པ་འབུམ་གཉིས་དང་ཁྲི་གཉིས་སྟོང་དགུ་བཞི་བརྒྱ་ཉེར་གཉིས་ཡོད་པ་དང་། རིམ་རྩིས་ཀྱིས་ནད་པ་ཁྲི་གཉིས་དང་སྟོང་གསུམ་ལྔ་བརྒྱ་ཉེར་གཅིག་རྐྱེན་ལམ་དུ་ཤོར། དབྱི་ཐཱ་ལེ་རུ་རིམ་རྩིས་ཀྱིས་ནད་པ་འབུམ་གཅིག་དང་ཁྲི་དགུ་སྟོང་དགུ་བཞི་བརྒྱ་བཅུ་བཞི་ཡོད་ལ། རིམ་རྩིས་ཀྱིས་ནད་པ་ཁྲི་གཉིས་དང་སྟོང་དྲུག་དགུ་བརྒྱ་དོན་བདུན་རྐྱེན་ལམ་དུ་ཤོར། རིམས་རྩིས་ཀྱིས་ནད་པའི་ཁ་གྲངས་འབུམ་གཅིག་ལས་བརྒལ་བའི་རྒྱལ་ཁབ་ལ་ད་རུང་ཧྥ་རན་སི་དང་འཇར་མན། དབྱིན་ཇི། ཐུར་ཁེ་བཅས་འདུས། 

གཞི་གྲངས་འདི་དག་ནི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་དབྱིབས་ནད་དུག་གསར་བའི་ཞིབ་འཇུག་ལས་གཞིས་དུས་ལྟར་བསྡོམས་རྩིས་བྱས་པའི་རྒྱལ་ཁབ་དང་ས་ཁུལ་སོ་སོའི་གཞི་གྲངས་ལས་ཐོན་པ་ཡིན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།