ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱིས་ལྷད་མེད་གསར་གཏོད་ཀྱིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས26ཉིན་ནི་འཛམ་གླིང་ཤེས་བྱའི་ཐོན་དབང་ཉིན་མོ་ཐོན་ལ་ཉེ་བའི་སྐབས་སུ། འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱིས་ལྷད་མེད་གསར་གཏོད་ལ་བརྟེན་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། ནམ་ཟླའི་འགྱུར་ལྡོག་དེ་མི་ཚང་མར་ཤུགས་རྐྱེན་ཟབ་མོ་ཡོད་པ་དང་། ལྷད་མེད་ལག་རྩལ་ཁྱབ་ཁོངས་ཀྱི་གསར་གཏོད་ནི་བདེ་བླག་ངང་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་དེ་ཐག་གཅོད་བྱེད་པའི་གནད་འགག་ཡིན་ཟེར། 

འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱིས་རྩ་འཛུགས་རང་གི་ཆེད་ཁེ་མཉམ་ལས་སྲོལ་ཡིག་གི་ཚབ་བྱེད་ནུས་ཁུངས་ཐོན་སྐྱེད་དང་གྲོན་ནུས་ལག་རྩལ། ལྷད་མེད་འགྲིམ་འགྲུལ་སྐྱེལ་འདྲེན། ཉིང་རྡུལ་ནུས་པའི་གློག་འདོན་བཅས་ལྷད་མེད་ནུས་ཁུངས་ལག་རྩལ་ཁྱབ་ཁོངས་བཞི་ནས་སྤྲད་པའི་རྒྱལ་སྤྱིའི་ཆེད་ཁེ་རེ་ཞུའི་གནས་ཚུལ་ལ་དབྱེ་ཞིབ་བྱས། 

དབྱེ་ཞིབ་ལས་བསྟན་དོན། ཉིས་སྟོང་བཅུ་གསུམ་ལོའི་ཚུན་ལ། ཆེད་ཁེ་མཉམ་ལས་ཆིངས་ཡིག་གི་ལྷད་མེད་ཆེད་ཁེ་རེ་ཞུའི་ཁ་གྲངས་ཇེ་དམའ་རུ་སོང་། རྒྱལ་སྤྱིའི་ཆེད་ཁེ་རེ་ཞུའི་ཁ་གྲངས་ཀྱི་ཚད་འཇལ་ལྟར་ན། ཁོར་ཡུག་སྲུང་སྐྱོབ་ལག་རྩལ་གསར་གཏོད་དེ་ཉིས་སྟོང་བཅུ་དགུ་ལོར་ཅུང་འཕར་ཡོད་པ་དང་། ལྷད་མེད་གསར་གཏོད་སྤྱིའི་འཕར་ཚད་ཉིས་སྟོང་བཅུ་གསུམ་ལོའི་ཚུན་ལ་བརྒྱ་ཆའི་བཅོ་བརྒྱད་ཇེ་ཉུང་དུ་སོང་། 

ཉིས་སྟོང་བཅུ་དགུའི་ལོར། ཆེད་ཁེ་མཉམ་ལས་ཆིངས་ཡིག་གི་ལྷད་མེད་རེ་ཞུའི་སྤྱི་གྲངས་བརྒྱ་ཆའི་དོན་དྲུག་ཡན་ནི་འཇར་པན་དང་ཀྲུང་གོ། ཨ་མེ་རི་ཁ། འཇར་མན། ཧན་གོ་བཅས་ནས་ཡོང་བ་རེད། དེའི་ནང་ཀྲུང་གོའི་རེ་ཞུ་དེ་ལྷད་མེད་ནུས་ཁུངས་ལག་རྩལ་ཐད་ཀྱི་འཕར་ཚད་སྤྱིར་བཏང་མ་ཡིན་པ་ཞིག་ཡིན་ལ། ཉེ་བའི་ལོ་འགའི་རིང་ལ་ལྷད་མེད་འགྲིམ་འགྲུལ་སྐྱེལ་འདྲེན་ལག་རྩལ་གྱི་ཆེད་ཁེ་རེ་ཞུའི་ཚད་འཛམ་གླིང་ཡོངས་ཀྱི་མདུན་གྲལ་དུ་བསླེབ་ཡོད། 

འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀའོ་རོས་ཀྱིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་སྲིད་ཇུས་གཏན་འབེབས་མཁན་དང་ཁེ་ལས། རིག་གཞུང་ལས་ཁུངས། གསར་གཏོད་མཁན་བཅས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། དུས་རབས་ཀྱི་རེ་བ་དང་འཚམ་པའི་ལྷད་མེད་ལག་རྩལ་གསར་གཏོད་ཀྱི་རླབས་རྒྱུན་ཞིག་བསྐྲུན་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།