ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་འཇིགས་སྐུལ་ཉེས་ཅན་དགུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་དམག་གསུམ་གསར་འགྱུར་ཅུའུ་ཡིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ཁི་སི་ཐན་དམག་དཔུང་གིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ནུབ་བྱང་ཕྱོགས་ཀྱི་ཝ་ཅི་ལི་སི་ཐན་བྱང་མ་ས་ཁུལ་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་ཏེ། འཇིགས་སྐུལ་ཉེས་ཅན་དགུ་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་བདེ་འཇགས་དམག་དཔུང་ལ་ཡིད་རྟོན་རུང་བའི་གསང་འཕྲིན་འབྱོར་རྗེས་འཇིགས་སྐུལ་ཉེས་ཅན་སྦས་སྐོང་བྱེད་སའི་ས་ཁུལ་དུ་སྔོན་བཤེར་འགུལ་སྐྱོད་སྤེལ་བ་དང་། འཇིགས་སྐུལ་ཉེས་ཅན་བར་འཁྲུག་རྩོད་དྲག་པོ་བྱས། འཇིགས་སྐུལ་ཉེས་ཅན་དགུ་འཁྲུག་རྩོད་བྱེད་སྐབས་བསད་པ་དང་། འཇིགས་སྐུལ་ཉེས་ཅན་གཅིག་འཛིན་བཟུང་བྱས། བདེ་འཇགས་དམག་དཔུང་གི་དམག་མི་གཉིས་འཁྲུག་རྩོད་བྱེད་སྐབས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ལྔར་རྨས་ཕོག་ཡོད་ཟེར། 

གསལ་སྒྲོག་ལས་འཇིགས་སྐུལ་ཉེས་ཅན་དེ་དག་རྩ་འཛུགས་གང་ལ་གཏོགས་པ་གསལ་བོར་གླེང་མེད། 

ཕཱ་ཁི་སི་ཐན་གྱི་ཝ་ཅི་ལི་སི་ཐན་བྱང་མ་ས་ཁུལ་དེ་ཨ་ཧྥུའུ་ཧན་དང་འདབས་འབྲེལ་དུ་ཡོད་པ་དང་རྒྱུན་པར་འཇིགས་སྐུལ་ཉེས་ཅན་དག་གནས་དེར་སྦས་སྐོང་བྱེད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།