ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་འཁྲུག་རྩོད་བྱས་ཏེ་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་སྲིད་གཞུང་དམག་དཔུང་གི་དཔོན་རིགས་ཀྱིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་ཉིན་དེར་ཡེ་མིན་ལྷོ་ཕྱོགས་ཀྱི་ཏཱ་ལེ་ཨ་ཞིང་ཆེན་དུ་དྲག་ཆས་འཁྲུག་རྩོད་བྱས་ཏེ། མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་གི་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཧུའུ་སེ་དྲག་ཆས་མི་སྣས་ཉིན་དེའི་ཞོགས་པར་ཏཱ་ལེ་ཨ་ཞིང་ཆེན་གྱི་ནུབ་ཕྱོགས་ས་ཁུལ་དུ་ཡོད་པའི་སྲིད་གཞུང་དམག་དཔུང་གི་བཅའ་སྡོད་བྱེད་སར་དཔུང་འཇུག་དྲག་པོ་བྱས། ཕྱོགས་གཉིས་ཀྱིས་དུས་ཚོད་འགའི་རིང་འཁྲུག་རྩོད་བྱས་རྗེས་སྲིད་གཞུང་དམག་དཔུང་གིས་དྲག་ཆས་ཉེས་ཅན་མཐར་སྐྲོད་བཏང་བར་མ་ཟད། དྲག་ཆས་ཉེས་ཅན་བཅུ་གཅིག་བསད། སྲིད་གཞུང་དམག་དཔུང་གི་དམག་མི་ལྔ་རྐྱེན་ལམ་དུ་ཤོར་ཡོད་ཟེར། དེ་གཞན་ཧུའུ་སེ་དྲག་ཆས་པའི་མི་བཅུ་གསུམ་ལ་རྨས་ཕོག་པ་དང་། སྲིད་གཞུང་དམག་དཔུང་གི་དམག་མི་བཅུ་གཅིག་ལ་རྨས་ཕོག་ཡོད་ཟེར། 

མིག་སྔར་ཧུའུ་སེ་དྲག་ཆས་པས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། 

ཧུའུ་སེ་དྲག་ཆས་པས་ཉེ་སྔོན་ཏཱ་ལེ་ཨ་ཞིང་ཆེན་དུ་རྒྱུན་པར་སྲིད་གཞུང་དམག་དཔུང་ལ་འཇབ་རྒོལ་བྱེད་བཞིན་ཡོད། བསྒྲགས་པ་ལྟར་ན། ཏཱ་ལེ་ཨ་ཞིང་ཆེན་བྱང་ཕྱོགས་ཀྱི་རི་ཁུལ་སྐོར་ཞིག་ཧུའུ་སེ་དྲག་ཆས་པས་བཙན་བཟུང་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།