ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན་གྱ་དགུ་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱི་མགྲིན་ཚབ་པས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། དམག་ཕྱོགས་ཀྱིས་ཉེ་སྔོན་ནུབ་བྱང་ཕྱོགས་ཀྱི་ཀྲ་མུའུ་ཧྥ་ལཱ་ཀྲིག་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་ཏེ། དྲག་ཆས་ཉེས་ཅན་གྱ་དགུ་བསད་པ་དང་མི་གཏའ་ལྔ་བསྐྱབས་ཡོད་ཟེར། 

མགྲིན་ཚབ་པ་དེས་བཤད་རྒྱུར། ཚེས་ཉེར་བཞིའི་ཉིན་གྱི་འགུལ་སྐྱོད་ཁྲོད། དམག་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན་གྱ་དགུ་བསད་པ་དང་མི་གཏའ་ལྔ་བསྐྱབས། གཞན་ཡང་མཚོན་ཆ་དང་འགད་རྫས་མང་བོ་གཞུང་བཞེས་བྱས་ཡོད་ལ། དམག་ཕྱོགས་ཀྱིས་འགུལ་སྐྱོད་སྤེལ་སྐབས་མི་སྣ་དང་སྒྲིག་ཆས་ཀྱི་གྱོང་གུད་བྱུང་མེད་ཟེར། 

ཁོས་བསྟན་དོན། བསྐྱབས་པའི་མི་གཏའ་ནི་བུད་མེད་གསུམ་དང་སྐྱེས་པ་གཉིས་ཡིན། དམག་ཕྱོགས་ཀྱིས་ཁོ་ཚོ་ཁྱིམ་མི་དང་ལྷན་འཛོམས་བྱེད་པར་བཀོད་སྒྲིག་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།