ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་སྔོན་ཆད་ཀྱི་རྒྱལ་སྲིད་བློན་ཆེན་ཨོ་ཨར་པུའུ་ལའེ་ཐི་ཡིས་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་བྱས་ཏེ་རིམས་ནད་འགོག་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས24ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་སྔོན་ཆད་ཀྱི་རྒྱལ་སྲིད་བློན་ཆེན་ཨོ་ཨར་པུའུ་ལའེ་ཐི་ཡིས་ཉེ་སྔོན་ཨོ་སི་ཁྲུ་ལི་ཡཱའི་རྒྱང་སྒྲོག་ཀུང་ཟིའི་བཅར་འདྲིའི་ལེ་ཚན་ལ་ཞུགས་སྐབས་བསྟན་དོན། རྒྱལ་ཁབ་སོ་སོས་རིམས་ནད་ཀྱི་མདུན་ནས་མཐུན་སྒྲིལ་སྲུང་འཛིན་བྱེད་པ་ལས་ཁ་བྲལ་བྱེད་མི་རུང་ཟེར། 

ཁོ་མོས་བཅར་འདྲིའི་ལེ་ཚན་ནང་དུ་བཤད་རྒྱུར། ང་རང་གིས་ཧ་གོ་དཀའ་བ་ཞིག་ནི་རིམས་ནད་དེ་ཆབ་སྲིད་ཅན་གྱི་ངོ་བོར་བསྒྱུར་ནས་ཕན་ཚུན་སྐྱོན་འཛུགས་བྱེད་བཞིན་པ་དེ་རེད་ཟེར། 

ཨོ་ཨར་པུའུ་ལའེ་ཐི་ཡིས་བསྟན་དོན། མིག་སྔའི་ཛ་དྲག་གི་གནས་བབ་དང་རིམས་ནད་བྱུང་རྗེས་ཀྱི་བསྐྱར་འཛུགས་བྱ་བ་གང་ཡིན་ཡང་མཉམ་ལས་ལྷག་ཏུ་མཁོ། དེའི་ནང་དུ་ཨ་མེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ཀྱང་འདུས་ཡོད་ཟེར། 

ཨོ་ཨར་པུའུ་ལའེ་ཐི་ཡིས་བསྟན་དོན། རྒྱལ་ཁབ་གང་ཡིན་ཡང་མཉམ་ལས་གྲོགས་པོ་མཁོ་བ་དང་། ཨ་མེ་རི་ཁའང་དེ་ལས་འདས་ཟེར། 

ཁོ་མོས་བཤད་རྒྱུར། རྒྱལ་ཁབ་གཅིག་གི་སྟོབས་ཤུགས་ལ་བརྟེན་ནས་གནད་དོན་ཚང་མ་ཐག་གཅོད་བྱེད་ཐབས་མི་འདུག ནམ་ཟླའི་འགྱུར་ལྡོག་གིས་མི་རེ་རེར་གནོད་པ་ཐེབས་སྲིད་པ་དང་། ཉིང་རྡུལ་རྒྱ་ཡན་དུ་སོང་བ་དང་རིམས་ནད་ཀྱང་དེ་འདྲ་ཡིན། དེ་ནི་ཚང་མས་ཤེས་པའི་གནས་ལུགས་ཤིག་རེད། དེ་བས་ང་ཚོས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཧུར་ཐག་སྒོས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་དགོས་པར་མ་ཟད་མཉམ་ལས་བཟང་བོ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།