ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་རྒྱལ་སྲུང་བློན་ཆེན་གྱིས་འཇིགས་ཉེན་གང་རུང་ཐག་གཅོད་པར་གྲ་སྒྲིག་བྱས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་རྒྱལ་སྲུང་བློན་ཆེན་ཧཱ་ཐཱ་མུས་ཀྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། དབྱི་ལིང་དྲག་ཆས་དམག་དཔུང་གིས་རྒྱུན་པར་ཉེན་ཟོན་གྱི་མིག་མདངས་སྤྱད་དེ་འཛམ་གླིང་ཡོངས་དང་ས་ཁུལ་གྱི་གནས་བབ་འཕེལ་རྒྱས་ལ་དོ་སྣང་བྱེད་བཞིན་ཡོད་པ་དང་། དབྱི་ལིང་གིས་འཇིགས་ཉེན་གང་རུང་ཐག་གཅོད་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར། 

ཉིན་དེར་རྒྱལ་ས་ཏི་ཧེ་ལན་ནས་སྤེལ་བའི་དམག་ཕྱོགས་ཀྱི་བློ་འདོན་པ་དང་སྲིད་གཞུང་དཔོན་རིགས་ཞུགས་པའི་གྲོས་ཚོགས་སྟེང་། ཧཱ་ཐཱ་མུས་ཀྱིས་དྲག་ཆས་དམག་དཔུང་གི་ནུས་པར་བསྔགས་བརྗོད་བྱས་པར་མ་ཟད། བཙན་དབང་མ་ལག་གིས་དབྱི་ལིང་ལ་དུས་ཡུན་ལོ་ངོ་བཞི་བཅུའི་རིང་དགྲར་འཛིན་གྱི་རྣམ་འགྱུར་བསྟན་ཡོད་པ་ནན་བཤད་བྱས། 

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་གྲུ་གཟིངས་ཀྱིས་རྒྱལ་སྤྱིའི་མཚོ་ཁོངས་ནས་གྱེན་འཕུར་གནམ་གྲུ་དང་མ།ཉམ་དུ་འགུལ་སྐྱོད་སྤེལ་སྐབས། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་གྲུ་གཟིངས་མང་བོས་ཨ་མེ་རི་ཁའི་གྲུ་གཟིངས་ལ་ཉེན་ཁའི་དཀྲུག་འཕེན་བྱ་སྤྱོད་སྤེལ། དབྱི་ལིང་གསར་བརྗེ་ཉེན་སྲུང་རུ་ཁག་གིས་ཚེས་བཅུ་དགུའི་ཉིན་ཨ་མེ་རི་ཁས་ས་ཁུལ་གྱི་བདེ་འཇགས་ལ་འཇིགས་ཉེན་གསར་བ་བཟོས་ཡོད་པ་དང་། གསར་བརྗེ་ཉེན་སྲུང་རུ་ཁག་གིས་པའོ་སི་མཚོ་ཁུགས་ཀྱི་སྐོར་གཡེང་གྲུ་གཟིངས་ཇེ་མང་དུ་བཏང་སྟེ། ཨ་མེ་རི་ཁའི་མཚོ་དམག་གིས་པའོ་སི་མཚོ་ཁུགས་ནས་ཆུ་ཚད་ཞན་ཅིང་ཉེན་ཁའི་འགུལ་སྐྱོད་སྤེལ་བར་བཀག་འགོག་བྱེད་རྒྱུ་ཡིན་ཟེར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་ཉེར་གཉིས་ཉིན་བཀའ་རྒྱ་བཏང་ནས་ཨ་མེ་རི་ཁའི་མཚོ་དམག་གིས་ཨ་མེ་རི་ཁའི་གྲུ་གཟིངས་ལ་གནོད་པ་དང་བར་ཆད་བཟོ་བའི་དབྱི་ལིང་གི་གྲུ་གཟིངས་ཚང་མ་ཚར་གཅོད་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།