ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་མི་གྲངས་ཉིས་བརྒྱ་དང་ཞེ་དགུ་ལ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལིས་ཁི་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡོངས་ཀྱི་ལས་ཁུངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ལས་བཟོ་བའི་གྲངས་ཀ་རྒྱུན་མཐུད་ངང་ཇེ་མང་དུ་སོང་བ་དང་། ཚེས་ཉེར་གཅིག་ཉིན་བར་དུ་མི་ཉིས་བརྒྱ་དང་ཞེ་དགུ་ལ་པྲོག་གསར་ནད་དུག་འགོས་ཡོད་ལ། དེའི་ཁྲོད་མི་གསུམ་རྐྱེན་ལམ་དུ་ཤོར་ཟེར།

ཏིས་ཡཱ་ལིས་ཁི་ཡིས་ཚེས་ཉེར་གཉིས་ཉིན་བསྡུས་པའི་གསར་འགོད་པའི་བརྙན་རིས་གྲོས་ཚོགས་སྟེང་བཤད་རྒྱུར། པྲོག་གསར་ནད་དུག་འགོས་པའི་ནད་པའི་ཁྲོད་ཉིའུ་ཡུའེ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡི་དྲུང་ཡིག་ཁྲུའུ་ཡི་ཐོག་ཁང་ནང་དུ་ནད་པ་སུམ་ཅུ་དང་ཨ་མེ་རི་ཁའི་རྒྱལ་ཁོངས་ནང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གཞན་པ་རུ་ནད་དུག་འགོས་པའི་ནད་པ་ང་གསུམ་འདུ་ཟེར།

ཉིའུ་ཡུའེ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡིས་ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་་ཐོག་མ་བྱུང་བའི་སྙན་ཞུ་ཕུལ་བ་དང་། ཀུའུ་ཐི་ལེ་སི་ཡིས་ཚེས་བཅུ་གསུམ་ཉིན་ཉིའུ་ཡུའེ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡིས་ལས་བཟོ་བ་ཡོངས་ལ་འཕྲིན་ཡིག་བསྐུར་ནས། ཁོ་ཚོས་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་ནས་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་བར་རྒྱང་རྟེན་གཞུང་སྒྲུབ་བྱས་ཏེ། ཚད་ཆེས་མཐོ་བའི་སྒོ་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཉིའུ་ཡུའེ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡི་ཐོག་ཁང་ནང་རྒྱ་མཆེད་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་རྒྱུའི་རེ་བ་བཏོན། དེའི་རྗེས། ཀུའུ་ཐི་ལེ་སི་ཡིས་ཟླ་བཞི་བའི་ཚེས་གཅིག་ཉིན་དང་ཚེས་བཅུ་བདུན་ཉིན་གཉིས་ལ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡི་ལས་བཟོ་བ་ཡོངས་ཀྱི་རྒྱང་རྟེན་གཞུང་སྒྲུབ་བྱེད་པའི་དུས་ཡུན་ཟླ་བཞི་བའི་ཚེས་སུམ་ཉིན་ནས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་བར་རྒྱུན་བསྲིང་རྒྱུ་ཡིན་པའི་ཐག་བཅད།

རྒྱུན་ལྡན་གྱི་བྱ་བའི་ཁྲོད། ཉིན་རེར་མི་ཁྲི་གཅིག་དང་སྟོང་གཅིག་ཉིའུ་ཡུའེ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འགྲོ་འོང་བྱེད་ཀྱིན་ཡོད། རྒྱང་རྟེན་གཞུང་སྒྲུབ་བྱེད་ཐབས་ལག་བསྟར་བྱས་རྗེས། ཉིན་རེར་སྤྱི་ཁྱབ་པུའུ་རུ་འགྲོ་འོང་བྱེད་པའི་མི་གྲངས་ཆ་སྙོམས་ཀྱིས་བརྒྱ་རུ་ཇེ་ཉུང་དུ་སོང་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་མི་གྲངས་ཉིས་བརྒྱ་དང་ཞེ་དགུ་ལ་སླེབས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལིས་ཁི་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡོངས་ཀྱི་ལས་ཁུངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ལས་བཟོ་བའི་གྲངས་ཀ་རྒྱུན་མཐུད་ངང་ཇེ་མང་དུ་སོང་བ་དང་། ཚེས་ཉེར་གཅིག་ཉིན་བར་དུ་མི་ཉིས་བརྒྱ་དང་ཞེ་དགུ་ལ་པྲོག་གསར་ནད་དུག་འགོས་ཡོད་ལ། དེའི་ཁྲོད་མི་གསུམ་རྐྱེན་ལམ་དུ་ཤོར་ཟེར།

ཏིས་ཡཱ་ལིས་ཁི་ཡིས་ཚེས་ཉེར་གཉིས་ཉིན་བསྡུས་པའི་གསར་འགོད་པའི་བརྙན་རིས་གྲོས་ཚོགས་སྟེང་བཤད་རྒྱུར། པྲོག་གསར་ནད་དུག་འགོས་པའི་ནད་པའི་ཁྲོད་ཉིའུ་ཡུའེ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡི་དྲུང་ཡིག་ཁྲུའུ་ཡི་ཐོག་ཁང་ནང་དུ་ནད་པ་སུམ་ཅུ་དང་ཨ་མེ་རི་ཁའི་རྒྱལ་ཁོངས་ནང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གཞན་པ་རུ་ནད་དུག་འགོས་པའི་ནད་པ་ང་གསུམ་འདུ་ཟེར།

ཉིའུ་ཡུའེ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡིས་ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་་ཐོག་མ་བྱུང་བའི་སྙན་ཞུ་ཕུལ་བ་དང་། ཀུའུ་ཐི་ལེ་སི་ཡིས་ཚེས་བཅུ་གསུམ་ཉིན་ཉིའུ་ཡུའེ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡིས་ལས་བཟོ་བ་ཡོངས་ལ་འཕྲིན་ཡིག་བསྐུར་ནས། ཁོ་ཚོས་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་ནས་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་བར་རྒྱང་རྟེན་གཞུང་སྒྲུབ་བྱས་ཏེ། ཚད་ཆེས་མཐོ་བའི་སྒོ་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཉིའུ་ཡུའེ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡི་ཐོག་ཁང་ནང་རྒྱ་མཆེད་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་རྒྱུའི་རེ་བ་བཏོན། དེའི་རྗེས། ཀུའུ་ཐི་ལེ་སི་ཡིས་ཟླ་བཞི་བའི་ཚེས་གཅིག་ཉིན་དང་ཚེས་བཅུ་བདུན་ཉིན་གཉིས་ལ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡི་ལས་བཟོ་བ་ཡོངས་ཀྱི་རྒྱང་རྟེན་གཞུང་སྒྲུབ་བྱེད་པའི་དུས་ཡུན་ཟླ་བཞི་བའི་ཚེས་སུམ་ཉིན་ནས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་བར་རྒྱུན་བསྲིང་རྒྱུ་ཡིན་པའི་ཐག་བཅད།

རྒྱུན་ལྡན་གྱི་བྱ་བའི་ཁྲོད། ཉིན་རེར་མི་ཁྲི་གཅིག་དང་སྟོང་གཅིག་ཉིའུ་ཡུའེ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འགྲོ་འོང་བྱེད་ཀྱིན་ཡོད། རྒྱང་རྟེན་གཞུང་སྒྲུབ་བྱེད་ཐབས་ལག་བསྟར་བྱས་རྗེས། ཉིན་རེར་སྤྱི་ཁྱབ་པུའུ་རུ་འགྲོ་འོང་བྱེད་པའི་མི་གྲངས་ཆ་སྙོམས་ཀྱིས་བརྒྱ་རུ་ཇེ་ཉུང་དུ་སོང་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།