ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཉིས་དང་འབུམ་ལྔ་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་གཅིག་དང་སྐར་མ་བཅུའི་བར། འཛམ་གླིང་ཡོངས་སུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཉིས་དང་འབུམ་ལྔ་སྟོང་གཅིག་བརྒྱ་དང་ང་དྲུག་ཏུ་བསླེབ་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་བདུན་སྟོང་གཅིག་བརྒྱད་བརྒྱ་བཅུར་བསླེབ་ཡོད། 

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁར་རིམ་རྩིས་ཀྱིས་ནད་པ་འབུམ་བདུན་དང་ཁྲི་བརྒྱད་སྟོང་བརྒྱད་དགུ་བརྒྱ་ཉི་ཤུར་འཕར་ཡོད་པ་དང་། ནད་པ་ཁྲི་བཞི་དང་སྟོང་གཉིས་བཞི་བརྒྱ་ང་བརྒྱད་རྐྱེན་ལམ་དུ་ཤོར་ཡོད་ལ། ཨ་མེ་རི་ཁ་ནི་རྒྱལ་ཁབ་སོ་སོའི་རིམ་རྩིས་ཀྱི་ནད་པའི་ཁ་གྲངས་དང་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲོད་ཆེས་མང་བའི་རྒྱལ་ཁབ་ཡིན། རིམ་རྩིས་ཀྱིས་ནད་པའི་ཁ་གྲངས་ཨང་གཉིས་པ་དང་ཨང་གསུམ་པར་གནས་པ་ནི་སོ་སོར་སི་ཕན་དང་དབྱི་ཐཱ་ལེ་རེད། དེ་ལས་གཞན་རིམ་རྩིས་ཀྱིས་ནད་པའི་ཁ་གྲངས་འབུམ་གཅིག་ལས་བརྒལ་བའི་རྒྱལ་ཁབ་ལ་ད་རུང་ཧྥ་རན་སི་དང་འཇར་མན། དབྱིན་ཇི་བཅས་ཡོད། 

གཞི་གྲངས་འདི་དག་ནི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་དབྱིབས་ནད་དུག་གསར་བའི་ཞིབ་འཇུག་ལས་གཞིས་སྤྱི་བསྡོམས་བྱས་པའི་རྒྱལ་ཁབ་དང་ས་ཁུལ་སོ་སོའི་གཞི་གྲངས་ལས་ཐོན་པ་ཡིན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།