ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐ་ལི་རྒྱལ་ཁབ་ཏུ་ད་ཡོད་ནད་པའི་གྲངས་ཀ་ཐོག་དང་པོར་ཇེ་དམའ་རུ་སོང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ཐ་ལིའི་དམངས་དོན་སྲུང་སྐྱོབ་ལས་ཁུངས་ཀྱི་འགན་འཁུར་བ། པྲོག་དབྱིབས་ནད་དུག་འཕྲལ་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཆེད་ལས་མི་སྣ་པོ་ལོས་ལིས་ཀྱིས་ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་བཤད་རྒྱུར། དབྱི་ཐ་ལི་རྒྱལ་ཁབ་ཏུ་ད་ལྟ་ནད་པ་འབུམ་གཅིག་དང་སྟོང་བརྒྱད་ཉིས་བརྒྱ་དང་སོ་བདུན་ཡོད་པ་དང་། དེ་སྔ་ཉིན་དང་བསྡུར་ན་ནད་པ་ཉི་ཤུ་ཇེ་ཉུང་དུ་སོང་། དེ་ནི་རིམས་ནད་འགོས་ཁྱབ་ཏུ་སོང་བའི་ཚུན་ལ་ནད་པའི་གྲངས་ཀ་ཐོག་དང་པོར་ཇེ་དམའ་རུ་སོང་བ་དང་། དེ་ལས་རིམས་ནད་གནས་བབ་ཇེ་ལེགས་སུ་འགྲོ་བ་མངོན་པར་བྱས་ཡོད་ཟེར།

པོ་ལོས་ལིས་ཀྱིས་བཤད་རྒྱུར། ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་བར། དབྱི་ཐ་ལི་རྒྱལ་ཁབ་ཏུ་སྡོམ་པས་ངོས་འཛིན་བྱས་པའི་ནད་པ་འབུམ་གཅིག་དང་ཁྲི་བརྒྱད་སྟོང་གཅིག་དང་ཉིས་བརྒྱ་ཉེར་བརྒྱད་ཡོད་པ་དང་དེ་སྔ་ཉིན་དང་བསྡུར་ན་ནད་པ་སྟོང་གཉིས་དང་ཉིས་བརྒྱ་ང་དྲུག་འཕར་སྣོན་བྱུང་ཞིང་། དེ་ནི་ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་གྱི་ཚུན་ལ་ནད་པ་འཕར་ཚད་ཆེས་དམའ་བའི་ཉིན་ཞིག་རེད། དབྱི་ཐ་ལི་རྒྱལ་ཁབ་ཏུ་ད་ལྟ་ནད་པ་འབུམ་གཅིག་དང་སྟོང་བརྒྱད་ཉིས་བརྒྱ་དང་སོ་བདུན་ཡོད་པ་དང་དེ་སྔ་ཉིན་དང་བསྡུར་ན་ནད་པ་ཉི་ཤུའི་ཇེ་ཉུང་དུ་སོང་། དེ་ནི་རིམས་ནད་འགོས་ཁྱབ་ཏུ་སོང་བའི་ཚུན་ལ་ནད་པའི་གྲངས་ཀ་ཐོག་དང་པོར་ཇེ་དམའ་རུ་སོང་བ་དང་། དེ་ལས་རིམས་ནད་གནས་བབ་ཇེ་ལེགས་སུ་འགྲོ་བ་མངོན་པར་བྱས་ཡོད་ཟེར།

དབྱི་ཐ་ལི་སྲིད་གཞུང་གིས་སྔོན་ལ་གཏན་འཁེལ་བྱས་ཏེ་ཟླ་ལྔ་བའི་ནང་བསྡུ་བའི་གྲོང་ཁྱེར་དང་གྲོང་བརྡལ་གྱི་འདེམ་བསྐོ་དེ་ད་ལོའི་ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་བར་དུ་འཕྲོ་རིམ་འཕྲོར་བསྡུ་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།