ཀྲུང་གོ་བོད་ཀྱི་དྲ་བ།

ལཱ་ཧྥུའུ་མན་ཝ་ནོའུ་ཨ་ཐུའུ་ཡི་ཙུང་ལི་གསར་བར་བདམས་ཐོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝ་ནོའུ་ཨ་ཐུའུ་ཡི་ཝ་ནོའུ་ཨ་ཁུའུ་ཏང་གི་ཀྲུའུ་ཞི་ལཱ་ཧྥུའུ་མན་ཚེས་ཉི་ཤུའི་ཉིན་རྒྱལ་ཁབ་དེའི་ཙུང་ལི་གསར་བར་བདམས་ཐོན་བྱུང་། 

བསྒྲགས་པ་ལྟར་ན། གྲོས་ཁང་ནས་ཉིན་དེར་སྤེལ་བའི་ཙུང་ལིའི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད། ལཱ་ཧྥུའུ་མན་ལ་བསྡོམས་པས་འདེམ་ཤོག་སོ་གཅིག་ཐོབ་ནས་བདམས་ཐོན་བྱུང་བ་རེད་ཟེར། 

ལཱ་ཧྥུའུ་མན་ནི་གཅིག་སྟོང་དགུ་བརྒྱ་རེ་གཅིག་ལོར་སྐྱེས་པ་དང་། ཁོས་ཉིས་སྟོང་བཞི་ལོ་ནས་བཟུང་ད་ལྟའི་བར་ཝ་ནོའུ་ཨ་ཐུའུ་ཡི་གྲོས་མིའི་འགན་ཁུར་བ་དང་། སྔོན་ཆད་ཝ་ནོའུ་ཨ་ཐུའུ་སྲིད་གཞུང་གི་ཙུང་ལི་གཞོན་པ་དང་སློབ་གསོའི་པུའུ་ཀྲང་། དཔལ་འབྱོར་དང་ཉོ་ཚོང་། གནས་སྐོར་བཅས་ཀྱི་པུའུ་ཀྲང་གི་འགན་ཁུར་མྱོང་། 

ཝ་ནོའུ་ཨ་ཐུའུ་ཡིས་གྲོས་ཁང་གཅིག་གི་ལམ་ལུགས་ལག་བསྟར་བྱེད་པ་དང་། བསྡོམས་པས་ལས་གནས་ང་གཉིས་ཡོད། ལོ་བཞིའི་ནང་གྲོས་ཁང་གི་འདེམ་བསྐོ་ཐེངས་རེ་སྤེལ་བཞིན་ཡོད་ལ། ལས་གནས་ཕྱེད་ཀའི་ཡན་ཐོབ་པའི་སྲིད་ཏང་གིས་ཁེར་རྐྱང་དུ་ནེ་ཀི་རྩ་འཛུགས་བྱས་ཆོག་པ་དང་། ཕྱེད་ཀ་བརྒལ་མེད་ན་སྲིད་འཛིན་མནའ་འབྲེལ་རྩ་འཛུགས་བྱེད་པ་ཡིན། ཐེངས་འདིའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཟླ་གསུམ་པའི་ཚེས་བཅུ་དགུའི་ཉིན་སྤེལ་བ་དང་། ལཱ་ཧྥུའུ་མན་གྱིས་མགོ་ཁྲིད་པའི་ཝ་ནོའུ་ཨ་ཁུའུ་ཏང་ལ་བསྡོམས་པས་ལས་གནས་བདུན་ཐོབ་ཡོད་ལ། སྲིད་ཏང་གཞན་པ་དང་མཉམ་དུ་སྲིད་འཛིན་བྱེད་དགོས་པ་བྱུང་། 

ཝ་ནོའུ་ཨ་ཐུའུ་ཡིས་གྲོས་ཁང་ལམ་ལུགས་ལག་བསྟར་བྱེད་ཅིང་། ཙུང་ཐུང་ནི་རྒྱལ་ཁབ་ཀྱི་གཙོ་འཛིན་ཡིན་ཡང་དངོས་དབང་བཟུང་མེད། ཙུང་ལི་ནི་སྐབས་རེའི་གྲོས་ཁང་གི་ཐོག་མའི་གྲོས་ཚོགས་སྟེང་གྲོས་མི་ཚང་མས་འདེམ་བསྐོ་བྱེད་པ་ཡིན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།