ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་རྒྱལ་ཁབ་ཏུ་བསྡོམས་པས་པྲོག་དབྱིབས་ནད་དུག་ངོས་འཛིན་བྱས་པའི་ནད་པ་ཁྲི་བརྒྱད་དང་སྟོང་དྲུག་སུམ་བརྒྱ་དང་དྲུག་ལ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེ་འཕྲོད་བསྟེན་པུའུ་ཀྲང་ཁི་ཅ་ཡིས་ཚེས་བཅུ་དགུ་ཉིན་ཁྱབ་སྒྲོག་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཆེས་གསར་བའི་གཞི་གྲངས་ལས་མངོན་པ་ལྟར་ན། ཐུར་ཁེ་རྒྱལ་ཁབ་ཏུ་ཉིན་དེར་པྲོག་དབྱིབས་ནད་དུག་ངོས་འཛིན་བྱས་པའི་ནད་པ་སྟོང་གསུམ་དང་དགུ་བརྒྱ་དོན་བདུན་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་ཁྲི་བརྒྱད་དང་སྟོང་དྲུག་སུམ་བརྒྱ་དང་དྲུག་ལ་སླེབས། ནད་པ་བརྒྱ་དང་ཉེར་བདུན་རྐྱེན་ལམ་དུ་ཤོར་ཞིང་བསྡོམས་པས་ནད་པ་སྟོང་གཉིས་དང་བཅུ་བདུན་རྐྱེན་ལམ་དུ་ཤོར། ཉིན་དེར་ནད་པ་སྟོང་གཅིག་དང་ལྔ་བརྒྱ་ཉེར་གསུམ་དྲག་པ་དང་བསྡོམས་པས་ནད་པ་ཁྲི་གཅིག་དང་སྟོང་གཅིག་དགུ་བརྒྱ་དོན་དྲུག་སངས་དྲག་ཏུ་གྱུར།

ཐུར་ཁེ་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་བཤད་དོན། རིམས་འགོག་དངོས་རྫས་མྱུར་དུ་ཐོན་སྐྱེད་བྱེད་པ་དང་མཉམ་དུ་ཡོང་སྒོ་དམའ་བའི་ཁྱིམ་ཚང་ཉིས་བརྒྱ་ལྷག་ལ་སྒོར་མོའི་ཁ་གསབ་སྟེར་འགོ་བརྩམས་ཟེར།

ཐུར་ཁེ་ནང་སྲིད་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་གྱི་ནམ་གུང་ནས་བཟུང་ཞིང་ཆེན་དང་གྲོང་ཁྱེར་ཁ་ཤས་སུ་ཕྱི་འགྲོ་ནང་ཡོང་བྱེད་མི་ཆོག་པའི་བཀག་རྒྱ་ཉིན་བཅོ་ལྔར་ཇེ་རིང་དུ་གཏོང་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།