ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་འབད་འབུངས་བྱས་པར་གདེང་འཇོག་གང་ལེགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་མང་བོའི་མི་སྣས་བལྟས་ན། ཀྲུང་གོས་རིམས་འགོག་གི་ཉམས་མྱོང་བཟང་བོ་མཉམ་སྤྱོད་བྱས་ཤིང་། རྒྱལ་ཁབ་གཞན་པར་རང་ནུས་ཅི་ལྕོགས་ཀྱི་རོགས་རམ་དང་རྒྱབ་སྐྱོར་བྱས་ཏེ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་ཚོགས་པ་གསར་བསྐྲུན་བྱས། ཀྲུང་གོས་དོན་དངོས་བྱ་སྤྱོད་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱི་རྒྱབ་ཁབ་སོ་སོར་མཉམ་ལས་བྱས་ཏེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་རྒོལ་བྱེད་བཞིན་ཡོད་པར་འདོད། 

འཇར་མན་དང་རྒྱ་གར་སོགས་རྒྱལ་ཁབ་ཀྱི་མཁས་པས་བསྟན་དོན། ཀྲུང་གོའི་ད་ལོའི་དུས་ཚིགས་དང་པོའི་དཔལ་འབྱོར་ལ་རིམས་ནད་ཀྱི་གནོད་པ་ཐེབས་ཡོད་ཀྱང་། ཀྲུང་གོའི་དཔལ་འབྱོར་འཕར་སྣོན་སྲུང་འཛིན་བྱས་ཡོད་པ་དང་། དུས་ཡུན་རིང་བོར་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བའི་རྨང་གཞི་འགྱུར་མེད། ཀྲུང་གོས་གོམ་པ་བརྟན་པོས་ངང་ཐོན་ལས་སླར་གསོ་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་གཞན་པའི་རིམས་ནད་འགོག་རྒོལ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོའི་ཐད་བྱས་རྗེས་བཞག་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།