ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་མིའི་རིགས་ཡོངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་སྒོས་པྲོག་དབྱིབས་ནད་དུག་གསར་བ་ལས་རྣམ་པར་རྒྱལ་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྤེལ་བའི་ཕུང་བོ་གཅིག་ཏུ་གྱུར་བའི་འཛམ་གླིང་སྟེ་མཐུན་སྒྲིལ་གྱི་སྟོབས་ཤུགས་ཞེས་པའི་སྐུད་ཐོག་གི་རོལ་དབྱངས་ཚོགས་འདུའི་སྟེང་བརྙན་རིས་ཞུ་ཚིག་ཕུལ་ཏེ། མིའི་རིགས་ཡོངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་སྒོས་པྲོག་དབྱིབས་ནད་དུག་གསར་བ་ལས་རྣམ་པར་རྒྱལ་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ང་ཚོ་ནི་མཐུན་སྒྲིལ་མཉམ་གནས་བྱེད་པའི་འཛམ་གླིང་ཡོངས་ཀྱི་སྤྱི་དམངས་ཡིན། ང་ཚོ་ནི་གཅིག་འདྲེས་གཅིག་མཐུན་གྱི་རྒྱལ་ཁབ་ཡིན། ང་ཚོ་ནད་དུག་ལས་རྣམ་པར་རྒྱལ་ཐུབ་པ་དང་། སྔར་ལས་འདྲ་མཉམ་གྱི་འཛམ་གླིང་ཞིག་བསྐྱར་འཛུགས་བྱེད་ཐུབ་པ་ཁོ་ཐག་ཡིན་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མིའི་རིགས་སྔ་ན་མེད་པའི་ཉམས་ཉེན་ལ་འཕྲད་ཡོད་ཅིང་། ཉམས་ཉེན་དེ་ལས་རྣམ་པར་རྒྱལ་འདོད་ན། ངེས་པར་དུ་མཐུན་སྒྲིལ་མཉམ་གནས་བྱེད་དགོས། དེ་དགོང་ང་ཚོས་མིའི་རིགས་ལ་རྒྱུས་མངའ་ཆེ་བའི་སྐད་བརྡ་སྟེ་རོལ་དབྱངས་ལ་བརྟེན་ནས། བློ་སྤོབས་ཆེ་བའི་སྨན་བཅོས་མི་སྣ་དང་ནད་དུག་དང་འཐབ་རྩོད་བྱེད་པའི་མི་ཚང་མའི་གཏོང་ཕོད་ལ་གུས་འདུད་ཞུ་ཟེར། 

ཀུའུ་ཐི་ལོས་སི་ཡིས་ད་རུང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མི་ཆོས་རིང་ལུགས་ཀྱི་ལས་ཁུངས་གཞན་པའི་དཀའ་སྤྱད་ཀྱི་བྱ་བར་བཀའ་དྲིན་ཞུས། ཁོས་ད་རུང་འཛམ་གླིང་ཡོངས་ཀྱིས་རིམས་འགོག་བྱེད་པའི་དམིགས་བསལ་གྱི་དུས་སྐབས་སུ། མི་རྣམས་ཀྱིས་ཉམ་ཆུང་དག་བརྗེད་མི་རུང་བ་དང་། འཛམ་གླིང་ཡོངས་སུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱས་ཏེ། མཉམ་དུ་པྲོག་དབྱིབས་ནད་དུག་གསར་བ་ཞེས་པའི་མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོ་དེར་རྒོལ་ལན་སྤྲོད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།