ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཉིས་དང་འབུམ་གཅིག་ཁྲི་ལྔ་སྟོང་བདུན་བརྒྱ་དང་ང་བརྒྱད་དུ་བསླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་དགུའི་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཉིས་དང་འབུམ་གཅིག་ཁྲི་ལྔ་སྟོང་བདུན་བརྒྱ་དང་ང་བརྒྱད་དུ་བསླེབས། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེའི་རིམས་ནད་གནས་ཚུལ་སྙན་ཞུ་བྱས་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་བར། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་བརྒྱ་དང་སྟོང་གཅིག་བརྒྱ་དང་སོ་གཉིས་འཕར་ནས། བསྡོམས་པས་ནད་པ་ས་ཡ་གཉིས་དང་འབུམ་གཅིག་ཁྲི་ལྔ་སྟོང་བདུན་བརྒྱ་དང་ང་བརྒྱད་དུ་བསླེབས། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་དྲུག་དང་བཞི་བརྒྱ་རེ་གསུམ་འཕར་ནས། བསྡོམས་པས་འབུམ་གཅིག་དང་ཁྲི་བཞི་སྟོང་བདུན་དགུ་བརྒྱ་དགུར་བསླེབ་ཡོད། 

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྔ་ཉིན་ལས་ཁྲི་བརྒྱད་དང་སྟོང་གཅིག་བརྒྱ་དང་ང་གསུམ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་གཉིས་དང་འབུམ་གཉིས་ཁྲི་བཞི་སྟོང་གཅིག་སུམ་བརྒྱ་ང་དགུར་བསླེབ་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་སྟོང་དྲུག་དང་བཞི་བརྒྱ་རེ་གསུམ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་འབུམ་གཅིག་དང་ཁྲི་ལྔ་སྟོང་གཉིས་ལྔ་བརྒྱ་ང་གཅིག་རྐྱེན་ལམ་དུ་ཤོར་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།