ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ཐུང་དང་ཧྥ་རན་སིའི་ཙུང་ཐུང་གཉིས་ཀྱིས་ཁ་པར་བཏང་ནས་མཉམ་དུ་རིམས་འགོག་བྱེད་པར་གྲོས་སྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་བདུན་ཉིན་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་ཁ་པར་བཏང་སྟེ། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་སྒོས་རིམས་ནད་འགོག་རྒོལ་བྱེད་པར་ཤུགས་སྣོན་པའི་གནད་དོན་ལ་གྲོས་སྡུར་བྱས།

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་བཅུ་བདུན་ཉིན་བསྒྲགས་པའི་སྤྱི་སྒྲོག་ལྟར་ན། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་མིག་སྔའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་རང་རྒྱལ་ཁབ་ཀྱི་རིམས་འགོག་བྱེད་ཐབས་ཁྱབ་བསྒྲགས་བྱས་ནས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་རིམས་འགོག་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། སྤྱི་ཚོགས་དཔལ་འབྱོར་གྱི་གྱོང་གུད་ཇེ་ཆུང་དུ་གཏོང་དགོས་ཟེར།

སྤྱི་སྒྲོག་ནང་བཤད་རྒྱུར། མཱ་ཁི་ལུང་གིས་ཨུ་རུ་སིས་ཨུ་རུ་སི་རུ་ལུས་པའི་ཧྥ་རན་སིའི་སྤྱི་དམངས་ཕྱིར་རང་རྒྱལ་ཁབ་ཏུ་སྐྱེལ་བ་དང་ཨུ་རུ་སིའི་རྒྱལ་ཁོངས་བརྒལ་ནས་རིམས་འགོག་སྨན་བཅོས་དངོས་ཟོག་དང་སྒྲིག་ཆས་སོགས་སྐྱེལ་འདྲེན་བྱེད་པའི་ཐད་ནས་ཧྥ་རིན་སི་ལ་རོགས་འདེགས་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།

སྤྱི་སྒྲོག་ནང་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་མུ་མཐུད་དུ་ཨུ་རུ་སི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་པའི་ཚུལ་བསྟན་པ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་གྲོས་མོལ་རྐྱེན་སྲོལ་གྱི་གལ་ཆེན་རང་བཞིན་ནན་བཤད་བྱས་ཡོད་ལ། ཕྱོགས་གཉིས་ཀྱིས་ད་དུང་ཝུའུ་ཁི་ལན་གནད་དོན་སོགས་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ནས་གྲོས་སྡུར་བྱས་ཟེར།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།