ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སིས་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཐད་ནས་ཅིས་ཀྱང་རྒྱལ་ཁ་ལེན་ཐུབ་ཅེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་བཞི་བའི་ཚེས་བཅུ་བདུན་ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཨུ་རུ་སིས་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཐད་ནས་ཅིས་ཀྱང་རྒྱལ་ཁ་ལེན་ཐུབ་ཅེས་བསྟན།

ཨུ་རུ་སིའི་ཙུང་ཐུང་དྲ་ངོས་སུ་ཚེས་བཅུ་བདུན་ཉིན་བཀོད་པའི་སྤྱི་སྒྲོག་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིའི་སྨན་བཅོས་རིམས་འགོག་གནད་དོན་གྲོས་ཚོགས་ལ་འགོ་འཛིན་བྱེད་སྐབས་བཤད་དོན། ཨུ་སུ་རི་ཕྱོགས་ཀྱིས་རིམས་འགོག་ཐད་ནས་ཅིས་ཀྱང་རྒྱལ་ཁ་ལེན་ཐུབ་པ་དང་དེང་སྐབས་ཀྱི་དཀའ་ཁག་ཡོངས་སུ་སེལ་ཐུབ་ཟེར། ཁོས་བཤད་དོན། ཨུ་རུ་སི་རྒྱལ་ཡོངས་འཕྲོད་བསྟེན་ཁོངས་གཏོགས་ཐེངས་འདིའི་རིམས་འགོག་བརྒྱུད་རྗེས་སྨན་བཅོས་ཆ་རྐྱེན་སྔར་ལས་ནུས་ལྡན་དང་ཆ་ཚང་བ་ཞིག་ཏུ་ཅིས་ཀྱང་འགྱུར་སྲིད་ངེས་ཡིན་ཟེར།

ཕུའུ་ཅིན་གྱིས་བཤད་དོན། ཨུ་རུ་སི་རྒྱལ་སྲུང་པུའུ་ཡིས་ཟླ་འདིའི་ཚེས་ཉེར་བརྒྱད་ཉིན་གྱི་སྔོན་ལ་སྒྲོམ་ཤག་སྨན་ཁང་སྐོར་ཞིག་འཛུགས་སྐྲུན་བྱས་ཏེ་དེའི་ནང་དུ་ནད་ཁྲི་ཁྲི་དགུ་དང་སྟོང་ལྔ་བཀོད་སྒྲིག་བྱེད་ངེས་ཡིན། ཨུ་རུ་སིས་ནད་ཡམས་འགོག་ཁབ་ཞིབ་བཟོ་བྱ་བ་བྱེད་ཀྱིན་ཡོད་པ་དང་དེ་ཨུ་རུ་སིའི་མི་དམངས་ཚང་མའི་བདེ་ཐང་ལ་ཧ་ཅང་གལ་ཆེ་ཟེར།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།